| | e-texts navigator
|
35b1 དེ་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མཁྱིམ་དུ་སོང་སྟེ།མནའ་མ་ལ་འདི་སྐད་ཅེས་སྨྲསོ།།ཀྱེ་སྲུ་ཁྱོད་གང་གི་ཚེ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དེའི་ཚེ་ཁོ་མོ་ལ་སྦྲོན་ཅིག།ཀ་ལན
35b2 དཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་སྔོན་གྱི་ཆུང་མས་ཡུམ་དཀེའ་བཞིན་འཚལ་ཞེས་སྒྱུག་མོ་ལས་མཉན་ཏོ།།དེ་ནས་དུས་གཞན་ཞིག་ན་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་སྔོན་གྱི་ཆུང་མ
35b3 དུས་ལ་བབ་ཅིང་།བླ་མཚན་དང་ལྡན་པར་གྱུར་ནས།ཀ་ལན་ད་ཀའི་བུ་ཆེ་དང་ལྡན་པ་བཟང་བྱིན་གྱི་མ་ག་ལ་བ་དེར་སོང་སྟེ་ཕྱིན་ནས།ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མ་ལ་འདི་སྐད
35b4 ཅེས་སྨྲ་སོ།།ཡུམ་ངན་བུ་དུས་ལ་བབ་ཅིང་།ཟླ་མཚན་དང་ལྡན་པར་གྱུར་ན།བདག་གིས་ཅི་བགྱི་བ་དེ་མཁྱེན་པར་མཛོད་ཅིག།སྲུ་དེའི་ཕྱིར་ཁྱོད་ཀྱི་སྐུ་མ་ཉེ་ཇི་ལྟ་བུས་བསྐུ་མཉེ་བྱས་པ་དང་།
35b5 ཁྲུས་ཇི་ལྟ་བུས་ཁྲུས་བྱས་པ་དང་།དྲི་དང་ཕྲེང་བ་རྒྱུ་དང་བདུག་སྤོས་དང་།ཕྱེ་མ་དང་གོས་དང་།རྒྱན་ཇི་ལྟ་བུ་དག་གིས་བརྒྱན་ནི་བུ་བཟོང་བྱིན་སྔོན་ཁྱིམ་པ་ཉིད་ན་དགའ་བ་དང་།ཡིད་དུ་འོང
35b6 བར་གྱུར་པ་དེ་ལྟ་བུའི་སྐུ་མཉེ་གྱིས་ཤིག།དེ་ལྟ་བུའི་ཁྲུས་ཀྱིས་ཁྲུས་གྱིས་ཤིག།དེ་ལྟ་བུའི་དྲི་དང་ཕྲེང་བ་རྒྱ་དང་བདུག་སྤོས་དང་།ཕྱེ་མ་དང་གོས་དང་།རྒྱན་དག་གིས་བརྒྱན་པར་གྱིས་ཤིག།
35b7 དེ་ནསཾ་ཀ་ལན་དཀོའི་བུ་ཚེ་དང་ལྡན་པ་གཟང་བྱིན་གྱི་སྔོན་གྱི་ཆུང་མས་སྒྱུག་མོ་ལས་མཉན་ཏེ།སྐུ་མཉེ་ཇི་ལྟ་བུས་སྐུ་མ་ཉ་བྱས་པ་དང་།ཁྲུས་ཇི་ལྟ་བུས་ཁྲུས་བྱས་པ་དང་།དྲི་དང་ཕྲེང་བ་རྒྱུ་དང་འདུས
iiif viewer powered by OpenSeadragon
35a - 36a