e-texts navigator
Collection
Volume
Page
Wylie

35a1 ཀྱི་ནོར་ཞེས་བྱ་བ་འམ།བུད་མེད་ཀྱི་ངག་རྫོངས་ཤེས་བྱ་བ་འམ།བུད་མེད་དབང་བའི་རྗེས་ཤེས་བྱ་བ་གང་ཡིན་པ་དེ་ནི་ཁྱོད་ཀྱི་མའི་དབྱིག་དང་གསེར་གྱི་ཕུང་པོ་ཆེན་པོ་གང་ལ།
35a2 མཐའ་ཅིག་ན་གླེང་བའི་མིས་མཐའ་གཅིག་ན་འདུག་པའི་མི་མི་མཐོང་ལ།མཐའ་གཅིག་ན་འདུག་པའི་མིས་མཐའ་གཅིག་ན་གླེང་བའི་མི་མི་མཐོང་བ་ཡིན་ཏེ།དེ་ནི་ཁྱོད་ཀྱི་མའི་ཡི་ནོ།།གཞན
35a3 ཡང་ཁྱོད་ཀྱི་ཕའི་དབྱིགས་དང་གསེར་མཚན་མ་བཏབ་པ་ཡང་བརྒྱ་ཕྲག་དུ་མ་དང་།སྟོང་ཕྲག་དུ་མ་དང་།བརྒྱ་སྟོང་ཕྲག་དུ་མ་དག་ཡོད་ན་གཞན་དང་ཕལ་ལྟ་སྨོས་ཀྱང་ཅི་དགོས།བུ་བཟང
35a4 བྱིན་ཚུར་ཤོག།ཁྱོད་འདུག་ལ་འདོད་པ་ལ་ཡང་ལོངས་སྤྱོད་ཅིག།སྦྱིན་པ་དག་ཀྱང་བྱིན་ཅིག།བསོད་ནམས་དག་ཀྱང་གྱིས་ཤིག།དེ་སྐད་ཅེས་སྨྲས་པ་དང་།ཀ་ལན་ད་ཀའི་བུ་ཚེ་དང་ལྡན
35a5 བོ་བཟེད་བྱིན་གྱིས་མ་ལ་འདི་སྐད་ཅེས་སྨྲསོ།།ཡུམ་བདག་ནི་འདོད་པའམ།མངོན་པར་མི་དགའ་བ་འམ།རྣམ་པར་འཁྱམ་འཚལ་ཞིང་དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བ་འམ།དགེ
35a6 སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པའམ།མུས་བྱུང་བའམ།ཐེ་ཙོམ་འཚལ་བ་འམ།སྤྱོད་པའམ།བདག་དགེ་སྦྱོང་གི་ཚུལ་ཡོངསུ་གཏོང་བ་མི་བགྱིད་དོ།།དེ་ནས་ཀ་ལན་ད་ཀའི་བུ་ཚེ་དང
35a7 ལྗོན་པ་བཟང་བྱིན་གྱི་མ་འདི་སྙམ་དུ་སེམས་སྟེ།བདག་གིས་དེ་སྐད་བྱས་ཀྱང་བུ་བཟང་བྱན་ཕྱིར་བཟློག་པར་མ་ནུས་ཀྱིས།བདག་ཁྱིམ་དུ་སོང་ལ་འདིའི་བག་སར་སྤྲད་པར་བྱའོ་སྙམ་མོ།།




iiif viewer powered by OpenSeadragon

34b - 35b

Texts on this page

N3 - 'dul ba rnam par 'byed pa