e-texts navigator
Collection
Volume
Page
Wylie

34b1 གཏོང་བ་མཐོང་བར་མྱུར་བ་མྱུར་བར་བྱར་སོང་བ་མཐོང་ངོ་།།མཐོང་ནས་ཀྱང་ཀ་ལན་དཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མགལ་བ་དེར་སོང་སྟེ་ཕྱིན་ནས།ཀ་ལན་དཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི
34b2 མ་ལ་འདི་སྐད་ཅེས་སྨྲས།།ཇོ་མོ་མཁྱེན་པར་མཛོད་ཅིག།ཇོ་བོ་བཟང་བྱིན་འཕྱི་བའི་ཕྱི་བར་རང་གི་ཁབ་ཏུ་བྱིན་ནས་དེ་རང་གི་ཁབ་ནས་སྦྱིན་འམ་བསྙེས་སླར་གཏོང་བ་མ་བརྙེས་པར་མྱུར་བ་མྱུར་བ
34b3 སླར་བཞུད་དོ།།དེ་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མ་འདི་སྙམ་དུ་སོམས་ཏེ།ཀྱེ་མ་མ་ལ་ཀ་ལན་དཀའི་བུ་བཟང་བྱིན་འདོད་པ་འམ།མངོན་པར་མི་དགའ་བ་འམ་རྣམ་པར་འཁྱམ
34b4 འདོད་པར་གྱུར་ཅིང་།དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བ་འམ།དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པའམ།མུས་བྱུང་བ་འམ།ཐེ་ཙོམ་ཟའམ།སྨོད་པའམ།དགེ་སྦྱོང་གི་ཚུལ་ཡོངསུ་གཏོང
34b5 འདོད་པའམ།གཅིག་ཏུ་མ་གྱུར་གྲང་སྙམ་དུ་སེམས་ཤིང་རིག་ནས།ཀོ་ལན་ད་ཀའི་གྲོང་ནས་ཕྱུང་སྟེ།ཀ་ལན་ད་ཀའི་བུ་ཆེ་དང་ལྡན་པ་བཟང་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས།ཀ་ལན་ད
34b6 ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་ལ་འདི་སྐད་ཅེས་སྨྲསོ།།བུ་བཟང་བྱིན་གལ་ཏེ་ཁྱོད་འདོད་པའམ།མངོན་པར་མི་དགའ་བའམ།རྣམ་པར་འཁྱམ་འདོད་ཅིང་དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར
34b7 བའམ།།དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པའམ།མུས་བྱུང་པོ་འམ།བ་ཙོམ་ཟ་བའམ།སྨོད་པའམ།ཁྱོད་དགེ་སྦྱོང་གི་ཚུལ་ཡོངསུ་གཏོང་འདོད་པ་ལྟ་ན།བུ་བོ་ཟང་བྱིན་བུད་མེད་རྣམས




iiif viewer powered by OpenSeadragon

34a - 35a

Texts on this page

N3 - 'dul ba rnam par 'byed pa