| | e-texts navigator
|
33b1 ཞིང་གནས་པ་ནི་བདག་གིས་མ་རྙེད་དེ་རྙེད་པ་མ་ཡིན་ཞིང་ཉེས་པ་རྙེད་དེ་ལེགས་པར་རྙེད་པ་མ་ཡིན་གྱིས།བདག་ཉེད་དུ་རྣམས་དང་འབྲལ་བའི་ཕྱིར་ལྷུང་བཟེད་དང་།ཆས་གས་ཐོགས་ཏེ།ལྗོངས།
33b2 རྒྱུར་འགྲོའོ་སྙམ།།དེ་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་ཉེ་དུ་རྣམས་དང་འབྲལ་བའི་ཕྱིར།ལྷུང་བཟེད་དང་།ཆོས་གོས་ཐུགས་ཏེ།ལྗོངས་རྒྱུར་སོང་ངོ་།།དེའི་ཚེ་ན་མུ་།
33b3 ཉམ་ང་བ་དགོན་པ་སློངས་མོ་པས་ཟས་རྙེད་པར་དཀའ་ཞིང་ཕ་མ་དག་ཀྱང་རང་གི་བུ་དག་ལ་ཟས་སྦྱིན་པོ་དང་།བྱ་བར་སེམས་པ་དཀའ་ན་སློངས་མོ་པ་དག་ལྟ་ལ་མ་མོས་ཀྱང་ཅི་དགོས་པ་བྱུང་ངོ་།།
33b4 དེ་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་འདི་སྙམ་དུ་སེམས་ཏེ།ད་ལྟར་མུ་གེ་ཉམས་ངོ་བ་དགོན་པ་སློངས་མོ་པས་ཟས་རྙེད་པར་དཀའ་ཕ་མ་དག་ཀྱང་རང་གི་བུ་ལ་ཟས་སྦྱིན་པ་དང་།བྱ
33b5 བར་སེམས་པ་དཀའ་ན།སློངས་མོ་པ་དག་ལྟོ་ལ་སྨོས་ཀྱང་ཅ་དགོས་པ་བྱུང་ལ་བདག་ལ་ཉེ་དུ་ལོངས་སྤྱོད་ཆེན་པོ་དང་ལྡན་པ་དག་ཡོད་པས།བདག་ཀ་ལན་ད་ཀའི་གྲོང་དུ་སོང་སྟེ།ཉི་དུ་རྣམས
33b6 ཀྱི་གླན་དུ་སོང་ལ་དགེ་འདུན་ལ་ཟས་དག་སྦྱོར་དུ་གཞུག་ཅིང་།དགེ་འདུན་སྐྱོ་མ་དག་དང་ཐུག་པའི་བཏུང་བ་དག་རྟག་རས་འཁོར་དག་དང་མགྲོན་དུ་བོས་པ་དག་དང་།བརྒྱད་སྟོན་དང་བཅུ
33b7 བཞི་སྟོན་དང་ཉ་སྟོན་དང་སྦྱིན་གཟིགས་ཕྲིན་ཆགས་སྦྱོར་དུ་གཞུག་སྙམ་མོ།།།དེ་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་ལྡོང་སུ་ཛེ་དགར་འདུག་ནས།ལྷུང་བཟེད་དང་ཆོས
iiif viewer powered by OpenSeadragon
33a - 34a