| | e-texts navigator
|
33a1 ནོར་མང་བ་ལོངས་སྤྱོད་ཆེ་བ་ཡོངསུ་གཟུང་བ་ཡངས་ཤིང་ཡོངསུ་གཟུང་བ་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ་རྣམ་ཟས་ཀྱི་བུ་ལ་ནེར་གྱིས་འགྲན་པ་ཞིག་འདུག་སྟེ།
33a2 དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩ་བར་བྱེད།དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ།།དེ་དུས་གཞན་ཞིག་ན་སངས་རྒྱས་ལ་མངོན་པར་དང་།།ཆོས
33a3 དང་དགེ་འདུན་ལ་མངོན་པར་དད་།སངས་རྒྱས་ལ་སྐྱབསུ་སོང་།ཆོས་དང་དགེ་འདུན་ལ་སྐྱོབསུ་སོང་ཞིང་།།དེས་སྲོག་གཅད་པ་སྤངས་ཏེ།སྒྲོག་གཅོད་པ་ལས་ཕྱིར་ལོག།མ་བྱིན་པར
33a4 ལེན་པ་དང་།འདོད་པ་ལ་ལོག་པར་གཡེམ་པ་དང་།རྫུན་དུ་སྨྲ་བ་དང་།འབྲུའི་ཆང་དང་།བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ།འབྲུའི་ཆང་དང་བཅོས
33a5 པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་ཕྱིར་ལོག་གོ།དེ་དད་པ་སྔ་མ་དེ་ཉིད་རྫསུ་སྤེལ་ཞིང་སྐྲ་དང་ཁ་སྤུ་བྲེགས་ཏེ།གོས་ངུར་སྨྲིག་དག་བསྒོས་ནས།ཡང་དག་པ་ཁོ་ནར
33a6 ད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་།།དེ་དེ་བ་ལྟར་རབ་ཏུ་བྱུང་ནས་འདི་ལྟ་སྟེ།སྔོན་ཁྱིམ་པ་བཞིན་དུ་ཉེ་དུ་རྣམས་དང་ལྷན་ཅིག་འདྲི་ཞིང་གནས།།དེ་ནས་ཀ་ལན་ད་ཀའི་བུ་ཚེ
33a7 དང་ལྡན་པ་བཟང་བྱིན་འདི་སྙམ་དུ་སེམས་ཏེ།བདག་ལེགས་པ་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་འདི་ལྟ་སྟེ།སྔོན་ཁྱིམ་པ་བཞིན་དུ་ཉེ་དུ་རྣམས་དང་ལྷན་ཅིག་འདྲེ
iiif viewer powered by OpenSeadragon
32b - 33b