| | e-texts navigator
|
32b1 བལ།།འཐུན་པ་གཟེར་རྣོན་བརྒྱ་པ་ཡི།།སྲབ་ནི་འདུལ་བ་འདི་ཡིན་ནོ།།ཆེ་བ་གང་དག་ངག་ཙམ་གྱིས།།ལྡོག་ཅིང་མཚམས་ལས་མི་འདའ་བ།།དེ་དག་མི་རྟ་བཟང་པོ་སྟེ།།ཉན་མོངས་གཡུལ
32b2 ལས་ངེས་རྒྱལ་འགྱུར།།སུ་ལ་སྲབ་འདི་མེད་པ་དང་།།ནམ་དུའང་འདོད་པར་མི་འགྱུར་ལ།།དེ་དག་ཉོན་མོངས་གཡུལ་གྱིས་དཀགས།།འཇོག་བྲལ་རྣམ་པར་འཁྱམ་པར་འགྱུར།།བཅོམ
32b3 ལྡན་འདས་ཀྱི་དགེ་འདུན་ལོ་བཅུ་གཉིསུ་སྐྱོན་མེད་ཅིང་ཆུ་བར་མེད་ལ་བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ཀྱི་སོ་སོར་ཐར་པའི་མདོ་གདོན་པ་ཡང་མདོར་བསྡུས་ཏེ།སྡིག་པ་ཐམས་ཅད་མི་བྱ།
32b4 སྟེ།དགེ་བ་ཕུན་སུམ་ཚོགས་པར་བྱ།།རང་གི་སེམས་ནི་ཡོངསུ་གདུལ།།འདི་ནི་སངས་རྒྱས་བསྟན་པ་ཡིན།།ལུས་ཀྱི་སྡོམ་པ་ལེགས་པ་སྟེ།།ངག་གི་སྡོམ་པའང་ལེགས་པ་ཡིན།།
32b5 ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ།།ཐམས་ཅད་དུ་ནི་སྡོམ་པ་ལགས།།ཀུན་ཏུ་བསྡམས་པའི་དགེ་སློང་ནི།།སྡུག་བསྔལ་ཀུན་ལས་རབ་ཏུ་འགྲོ་ལ།།ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ
32b6 བསྡམས་ཏེ།།ལུས་ཀྱིས་མི་དགེ་བདག་མི་བྱེད་ཅིང་།།ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན།།དྲང་སྐྱོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར།།ཞེས་བཏོན་པར་གྱུར་ཏེ།
32b7 ལོ་ལེ་ཅུ་གསུམ་ལ་བབ་པ་ན་སངས་རྒྱས་བཅོམ་ལྡན་འདས་ཡུལ་སྤོང་བྱེད་དག་ན་ཀ་ལན་དཀའི་གྲོང་ན་བཙུག་སོ།།དེའི་ཚོན་ཀ་ལན་ད་ཀའི་གྲོང་མ་ཀ~ཾ་ལན་ད་ཀའི་བུ་ཟང་བྱིན་ཞེས་བྱ་བ་དྲུག
iiif viewer powered by OpenSeadragon
32a - 33a