| | e-texts navigator
|
32a1 ནན་ཏན་མཉན་པར་བྱ།།འདུལ་བ་ལ་བརྟོད་པ་རྫོགས།།།།བསྐལ་པ་བྱེ་བ་རྣམསུ་ཡང་།།འདུལ་བ་ཟོས་པར་འགྱུར་བ་དང་།།གཟུང་དང་འཛིན་པ་རྙེང
32a2 དཀའ་སྟེ།།བསྒྲུབ་པའང་ཤིན་ཏུ་རྙེད་པརརོ་དཀའ།།སངས་རྒྱས་རྣམས་ནི་འབྱུང་བ་དང་།།ཆོས་བསྟན་པ་ཡང་བདེ་བ་ཡིན།།དགེ་འདུན་འཐུན་པ་བདེ་བ་སྟེ།།འཐུན་པ་རྣམས་ཀྱི་དཀའ།
32a3 ཐུབ་བདེ།།འཕགས་པ་རྣམས་ནི་མཐོང་བ་བདེ།།དམ་པ་དག་དང་འགྲོགས་པ་བདེ།།བྱིས་པ་རྣམས་ནི་མ་མཐོང་ན།།རྟག་ཏུ་བདེ་བ་ཉིད་དུ་འགྱུར།།ཚུལ་ཁྲིམས་ལྡན་པ་མཐོང་བ
32a4 བདེ།།མང་དུ་ཐོས་པ་མཐོང་བ་བདེ།།ཡང་སྲིང་རྣམ་པར་གྲོལ་བ་ཡི།།དགྲ་བཅོམ་པ་དོག་མཐོང་བ་བདེ།།འཇུག་ངོགས་བདེ་བའི་ཆུ་ཀླུང་དེང་།།ཚུལ་གོམས་པའི་སྐྱེ་བོ་བདེ།།
32a5 ཤེས་རབ་ཐོབ་པར་གྱུར་པ་བདེ།།ངའོ་ང་རྒྱལ་ཟད་པ་བདེ།།ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག།དགོན་པ་ཞི་པ་རྣམསུ་རྒས་གྱུར་བཏིང་།།མང་དུ་ཐོས་པ་ནགས་ཀྱི་ནོང་དག་ཏུ།
32a6 ལང་ཙེ་ཡུལ་བ་རྣམས་ཀྱི་གནས་པ་བདེ།།ཤཱཀྱ་སེང་གེ་དེ་ལ་ནི།།སོར་མོ་བཅུ་ཡི་ཐལ་སྦྱར་ཏེ།།གདུལ་བ་རབ་ཏུ་གདོན་པར་བྱས།།གདུལ་བའི་དོན་དུ་ང་ལ་ཉོན།།ཐོས་ནས་དྲང
32a7 སྲོང་ཆེན་པོ་ཡིས།།ཇི་སྐད་གསུངས་བཞིན་བསྒྲུབ་བྱ་ཞིང་།།ཁ་ན་མཐོ་ཕྲ་རྣམས་ལ།།བརྟུན་ཅིང་བྱེད་པ་ཉིད་དུ་བྱིས།།རྟོག་ཏུ་འབད་པས་འདའ་བ་ཡི།།སེམས་རྟ་ཁ་བླ་ན་བཀའ
iiif viewer powered by OpenSeadragon
31b - 32b