e-texts navigator
Collection
Volume
Page
Wylie

31b1 བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ།།དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་འཐོབ།།སྐྱིགས་ཚལ་བསྲེགས་པས་ཨ་མྲའི་ཚལ་ཉམས་བཞིན།།འདིན་ལ་ལས་རྒྱལ་པོའི་ཚིག་ཆེན་ཡང་།།
31b2 བཟླས་ན་ལན་འགའ་ཆད་པ་འཐོབ་མི་འགྱུར།།ཐུབ་པའི་བཀའ་ལུང་ཚུལ་མིན་བཟླ་བྱས་ནོ།།དུད་འགྲོར་འགྲོ་འགྱུར་ཨེ་ལའི་མདབ་ཀླུ་བཞིན།།སོ་སོར་ཐར་བྱ་གང་ཡིན་པ།།སངས་རྒྱས་འདུལ
31b3 བ་གང་ཆེན་མཚོ།།གཏིང་མཐའ་མེད་པ་ཐམས་ཅད་ཀྱི།།གནས་པའི་སྙིང་དང་སྙིང་པོ་ཡིན།།འདི་ནི་དམ་ཆོས་རྒྱལ་པོ་ཡི།།ཆོས་རྣམས་ཀུན་གྱི་འདྲེན་པ་མཆོག།འདི་ནི་དགེ་སློང་ཚོང་ཚོགས
31b4 ཀྱེ།།བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན།།ཚུལ་ཁྲིམས་འཆལ་པས་ཟིན་རྣམས་ཀྱི།།གདུག་པ་རྣམ་སེལ་སྨན་འདི་ཡིན།།འདི་ནི་ལང་ཚོ་རྣམ་འཁྲུལ་པའི།།རྐང་གཉིས་གཞོན་ནུའི་ལྷ།
31b5 ཀྱོ་ཡིན།།མཚོ་བས་ཟབ་པའི་འཁོར་བ་ལས།།སྒྲོལ་བའི་རྒལ་ཐབས་འདི་ཡིན་ཏེ།།འདི་ནི་བཟང་འགྲོར་འགྲོ་བ་ཡི།།ངེས་པའི་ཆུ་ལོན་ཟམ་པ་ཡིན།།འདི་ནི་ཉོན་མོངས་ཕམ་བྱེད་ལམ།།
31b6 རྒྱལ་པོ་ཡི་ནི་འདྲེན་པ་མཆོག།འདི་ནི་ཐར་པའི་གྲོང་འཇུག་པའི།།ཐེམ་སྐས་གཞི་དང་འདྲ་བར་གནས།།ད་ནི་མྱ་ངན་ལས་འདས་གྱུར་ན།།འདི་ནི་ཁྱོད་ཀྱི་སྟོན་པ་ཞེས།།རང་བྱུང་ཉིད་ཀྱིས
31b7 གུས་བཅས་པས།།ནན་ཏན་དགེ་སློང་ཚོགས་མདུན་བསྟོད།།འདུལ་འདི་སོ་སོར་ཐར་པ་དེའི།།རྣམ་འབྱེད་ཡིན་པར་དགོངས་པས་ན།།ཐར་འདོད་རྣམས་ཀྱིས་གུས་བྱས་ཏེ།།འདི་ནི




iiif viewer powered by OpenSeadragon

31a - 32a

Texts on this page

N3 - 'dul ba rnam par 'byed pa