e-texts navigator
Collection
Volume
Page
Wylie

31a1 དེ་བཞིན་འདུལ་བ་འཕགས་པ་རྒྱུ་ལོན་འདིས།།ཚུལ་ཁྲིམས་འཆལ་བའི་ཆུ་ཀླུང་ཟློག་པར་འགྱུར།སངས་རྒྱས་རྣམས་དང་རང་རྒྱལ་རྣམས་ཀྱིས་ཀྱང་།།བྱང་དྲུང
31a2 གང་བརྙེས་ཐུབ་སློབ་རྣམ་དག་པའི།།སེམས་ཅན་དགྲ་བཅོམ་ཡོན་ཏན་ལྡན་པ་རྣམས།།དེ་ལའང་རྒྱུ་ནི་འདུལ་བ་ཡིན་པར་གསུངས།།ཇི་སྲིད་འགྲོ་འདིར་རྒྱལ་བ་ཐམས་ཅད་ཀྱི།།མཛོད
31a3 མཆོག་འདུལ་བ་རྫོགས་པ་འདི་གནས་པ།།དེ་སྲིད་ཆོས་སྒྲོན་འདི་ནི་གནས་འགྱུར་ཞིང་།།བཟློག་པར་གྱུར་ན་ཞི་བ་ཐོབ་པར་འགྱུར།།སངས་རྒྱས་མི་ཞུགས་འཇིག་རྟེན་ཚིགས་བཅད
31a4 དང་།།མདོ་སྡེ་ཡན་ལག་དེ་དང་དེ་དག་སྤྱོད།།བསླབ་འཇུག་མེད་ན་འདུལ་བའང་མེད་འགྱུར་བས།།དེ་ཕྱིར་རྒྱལ་བ་དག་པས་ཆེས་འདི་དཀོན།།འཇོག་བྲལ་སེམས་གླང་ལྕགས་ཀྱི་འདི་ཡིན་ཏེ།།
31a5 གདུལ་བྱ་མ་དུལ་བའི་སྲུབ་འདི་ཡིན།།རོ་བའི་མཚམས་ཀྱི་འོབས་དང་འདྲ་བ་སྟེ།།ཟག་པ་ཀུན་གྱི་ཆུ་ལོན་འདུལ་བ་ཡིན།།རྒྱལ་བ་སྟོན་པ་དེའི་བསྟན་བཅོས་གང་།།མདོ་དང་ཆོས་མངོན་ཡིན
31a6 གསུང་འདུག་པ་ནི།།སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར།།གཉིས་འགྱུར་ཕྱག་བྱ་སངས་རྒྱས་ཆོས་གཅིག་བཞིན།།གང་ལ་བརྟེན་ཏེ་གནས་པའི་སངས་རྒྱས་རྣམས།།དེ་ལ་གུས
31a7 བཅས་རྗེ་སར་བཅས་གྱུར་ཅིང་།།དེ་ནི་མགོན་པས་མགོན་ཡིན་སྐྱབས་གནས་ཡིན།།དེའི་ཕྱིར་རབ་བསྒྲིམས་འདུལ་ལ་ཕྱག་ཚོལ་ཅིག།གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ།།ཡང




iiif viewer powered by OpenSeadragon

30b - 31b

Texts on this page

N3 - 'dul ba rnam par 'byed pa