| | e-texts navigator
|
39b1 སརྦ་བཛྲ་ཀུ་ལ~ཾ་ཨ་བར་ཏ་ཡ་སྭཱ་ཧཱ། ཨ་མུ་ཀམ་མཱ་ར་ཡ་ཕཊ། ན་མསྶ་མན་ཏ་བཛྲཱ་ཎཱ~ཾ། སརྦ་བ་ལ~ཾ་ཨཱ་བར་ཏ་ཡ། མ་ཧཱ་བ་ལེ། ཀ་ཏ་བ་ལེ་ཏ་ཏ་ལེ། ཨ་ཙ་ལེ། མཎ་ཌ་ལ་མ་ཡེ། ཨ་ཏི་བཛྲ། མ་ཧཱ་བ་ལ། བེ་ག་ར་ཎ། ཨ་ཛི་ཏེ། ཛྭ་ལ་ཛྭ་ལ། ཏི་ཊི་ཏི་ཊི། པིང
39b2 ག་ལེ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བན་དྷ་བན་དྷ། མ་ཧཱ་བ་ལེ། བཛྲ~ཾ་ཀུ་ཤ་ཛྭ་ལ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎ་ཌ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར
39b3 ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིན་ད་ཙྪིན་ད་བཛྲ། བྷིན་ད་བྷིན་ད་བཛྲ་ཧཱུ~ཾ་ཕཊ། ན་མཤྩཎ་ཌ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བན་དྷ་བན་དྷ། ཧ་ན་ཧ་ན། ཨ་མྲི་ཏེ་ཧཱུ~ཾ་ཕཊ། སྡིག་པ་ཐམས་ཅད་བྱང་བྱས་ན། །སྡུག་བསྔལ
39b4 ཐམས་ཅད་མེད་པར་འགྱུར། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །སེམས་ཅན་དབང་པོ་ཉམས་པ་དང་། །ཚེ་ཟད་པ་དང་ཚེ་ཉམས་དང་། །ཕུན་སུམ་ཚོགས་མིན་གང་ཆགས་དང་། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་། །
39b5 མཛའ་སྡུག་སྐྱེ་བོ་སྡང་བ་དང་། །བྲན་གཟའ་ལ་སོགས་གཙེས་པ་དང་། །ཕན་ཚུན་འཐུན་པ་མ་ཡིན་དང་། །ནོར་འགྲིབས་པས་ནི་གནོད་པ་དང་། །མྱ་ངན་ངལ་ལས་གནོད་པ་དང་། །འཇིགས་པ་དང་ནི་འཕོངས་པ་དང་། །གཟའ་དང་རྒྱུ་སྐར་བྱད
39b6 སྟེམས་དང་། །མི་བཟད་གདོན་གྱིས་ཉེན་པ་དང་། །མྱ་ངན་ངལ་ལས་བྱུང་བ་ཡི། །རྨྱི་ལམ་སྡིག་པ་མཐོང་ན་ཡང་། །དེས་ནི་རབ་བཀྲུས་གཙང་མ་ཡིས། །མདོ་སྡེ་དམ་པ་མཉན་པར་བྱ། །གང་དག་ཡིད་དགེ་སེམས་དང་ཞིང་། །གཙང
39b7 མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་ཀྱང་། །དེ་དག་ཐམས་ཅད་ཞི་བར་བལྟ། །
39b8 ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །ནོར་བུ་ཡུངས་ཀར་ད+འུར་བ་དང་། །རིན་ཆེན་རྨ་མེད་ཙན་དན་བཅས། །ཤེལ་དང་རྡོ་རྗེ་མེ་ཏོག་དང་། །ཆུ་ཡིས་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང
iiif viewer powered by OpenSeadragon
39a - 40a