e-texts navigator
Collection
Volume
Page
Wylie

224b1 བཅུ་རྩ་བདུན་བོར་ན་ཐམས་ཅད་ལ་རེངས་པར་བྱས་པར་འགྱུར་རོ། །ཀུན་དགའ་བོ་གསང་སྔགས་ཀྱི་ཚིག་འདི་དག་ཟུང་ཤིག་།ཆོངས་ཤིག་།ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་།རྗེས་སུ་སྦྱོར་བར་གྱིས་ཤིག་།དེ་ལྟ་བས་ན་ཀུན་དགའ་བོ་ཁྱོད་ཀྱིས
224b2 དྲན་པ་དང་ལྡན་པས་གཟུང་བར་བྱའོ། །ཏདྱ་ཐཱ། དྷ་ར་དྷ་ར། དྷ་དྷ་ར། ཁ་ར་ཁ་ར། མ་ཧཱ་ཁ་ར། མ་ཧཱ་བ་ལེ། བ་ལ་ནཱ་ཤ་ནཱི། གོད་ཊ་ནཱི། ཀུད་ཊ་ནཱི། ཀུད་ཊ་ནཱི། སམ་ཧཱ་རེ། ཀུད་ཊ་དཾཥྚེ། ཀ་ཁ་ཁ་རེ། མ་ཀུད་ཏ་དྷེ་རེ་ཎི། མུ་ལུག་ཀ་།ཀྵེ་ནི་ཀ་ཀཻ་ནཱི་ཀེ། ས་མེ་རྨ་ཤ་ནི། ཀི་ནི།
224b3 གི་རི་ནི། བྷོ་གིས་རི། ས་སཱ་བེ་ཏ་ད། ཀུ་མཱ་ར་ཀ་།ཀྲི་ཏི་སྭཱ་སི། ཀི་ན་ན་བི་བུད་དྷ་སི། བི་བུད་དྷྱ། བི་བུད་དྷྱ་གྲི་ཧཱན་བྷེ། ཀྲི་ཏ་བྷཻ་ར་བ། བི་ཀྲི་ཏ་བྷཻ་ར་བ། མ་ཧཱ་བ་ཡེ+ེ། ཀྣི་ཏྭན། ཧ་ར་སི། ཀི་ན་ན་མཱ་ར་ཡ་སི། ཀིན་ན་སརྦ་དེ་བ་ནཱ་ག་ཡ་ཀྵ། གན་དྷར་བྷ། ཨ
224b4 སུ་ར། སརྦ་ཨ་སུ་ར། སརྦ་བྷ་ཡ་ཤ་མན། མཾ་ས་ར་སྭཱ་ཧཱ། ཀུན་དགའ་བོ་རིག་སྔགས་འདི་སྦྱིན་སྲེག་གམ། སྐུད་པས་བཅིངས་ན་འདོད་པའི་མཐར་གཏོགས་པ་ཐམས་ཅད་འཇིག་པར་བྱེད། ལྟུང་བར་བྱེད། ཟ་བར་བྱེད་དོ། །ཀུན་དགའ་བོ་རོ་ལངས
224b5 ཐམས་ཅད་རེངས་པར་བྱེད་པའི་རིག་སྔགས་ཟུང་ཤིག་། ཏདྱ་ཐཱ། ས་མེ་ལེ། མ་ཧཱ་ཧ་ཧ་ལེ། ཧ་ར་དྷ་རེ། གྷོ་ར་དྷ་རེ། དྷ་རད་ཏི། རིད་ཏི། བི་རོད་ཏི། ཀུ་ཎད་ཏི། ཀུ་ཏ་ནི། སང་གོ་ཙ་ནི། ཀ་ཙ་རི། ཁ་ཙ་རི། མ་ར་ནེ། ཧུ་ཧུ། མ་རེ་ནེ། མ་ཧཱ་མཱ་ལ་དྷ་རེ།
224b6 ན་ཡོ་ན་མ་ཏི་སྭཱ་ཧཱ། ཀུན་དགའ་བོ་གསང་སྔགས་ཀྱི་ཚིག་འདི་དག་དམོད་པ་དྲག་པོ་དང་མཚུངས་ཤིང་འདྲ་སྟེ། འབྱུང་པོ་ཐམས་ཅད་རྣམ་པར་བཤིག་པའི་ཕྱིར་བལ་གཙང་མའི་སྐུད་པ་ལ་ལན་ཉི་ཤུ་རྩ་བཞིར་བཟླས་བརྗོད་བྱས་ཏེ། མདུད་པ་ཉི་ཤུ
224b7 རྩ་བཞི་བོར་ན་ལོག་འདྲེན་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །ཀུན་དགའ་བོ་གསང་སྔགས་ཀྱི་ཚིག་འདི་དག་ཟུང་ཤིག་།ལེགས་པར་རབ་ཏུ་གཟུང་བར་གྱིས་ཤིག་།ཀུན་དགའ་བོ་གསང་སྔགས་འདི་གང་ཡང་རུང་བས་གཟུང་བར་མི་ནུས་སོ། །
224b8 ཀུན་དགའ་བོ་དེ་ལྟ་བས་ན་ལེགས་པར་གཟུང་བར་གྱིས་ཤིག་།ཏདྱ་ཐཱ། ཙད་ཙ་ར། ཙད་ཙ་ར། མ་ཧཱ་ཙད་ཙ་ར། ཙི་རི་ཙི་རི། བུ་རུ་བུ་རུ། མ་ཧཱ་བུ་རུ། སམ་བྷ་ལེ། མ་ཧཱ་སམ་བྷ་ལེ། མ་ཧཱ་བ་ལེ་སྭཱ་ཧཱ། ཀུན་དགའ་བོ་ལྷ་དང་བཅས།




iiif viewer powered by OpenSeadragon

224a - 225a

Texts on this page

J981 - 'phags pa ro langs bdun pa zhes bya ba'i gzungs