e-texts navigator
Collection
Volume
Page
Wylie

166a1 གྱུར་ཅིག་། སའི་འོག་ཏུ་སོང་ཤིག་།ན་མོ་བྷ་ག་བ་ཏི། བུད་དྷ་ས་ཏྱ་བཱ་ཏི་ན~ཾ། སིད་དྷྱན་ཏུ་མན་ཏྲ་པཱ་ད་ནི་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ཡི་རངས་ཏེ།
166a2 བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དེ་ལ་ཆོ་ག་ནི་འདི་ཡིན་ཏེ། བཀླགས་པས་གྲུབ་པ་འདི་སྲད་བུ་དམར་པོ་ལ་ལན་བདུན་བཟླས་པ་བྱས་ལ། མདུད་པ་བདུན་བོར་ཏེ་མགུལ་དུ་གདགས་སོ། །འཕགས་པ
166a3 གཞང་འབྲུམ་རབ་ཏུ་ཞི་བྱེད་པའི་མདོ། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་འཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་བསྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།
166a4 དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྲེག་གསོལ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཧུ་རེ་ཧུ་རེ། ཧུ་ཊ་ག
166a5 ཏ་ནེ་སྭཱ་ཧཱ། ཆོ་ག་ནི་ལག་པ་ལ་བཟླས་བརྗོད་བྱས་ནས་ལྟོ་མཉེས་ན་མ་ཞུ་བའི་ནད་འབྱུང་བར་འགྱུར་རོ། །མ་ཞུ་བའི་ནད་འབྱང་བའི་གཟུངས་རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན
166a6 འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་གཟིགས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། དཱི་རི་ཏིཥྛ། ཏསྐ་ར་བད་དྷོ་སི། མ་ཙ་ལ་མ་ཙ་ལ་སྭཱ་ཧཱ། ལན་བདུན་བརྗོད་དེ་འཕགས་པ
166a7 འཇམ་དཔལ་ལ་གསོལ་བ་བཏབ་ན་མི་ཐམས་ཅད་བྱམས་པར་འགྱུར་རོ། །འཕགས་པ་སྡང་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །
166a8 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །ོཾ་ཀུ་མཱ་ར་རཱུ་པ་དྷཱ་རི་ཎཱི་བི་ཤྭ་ས~ཾ་བྷ་ཨ་གཙྪ་ཨ་གཙྪ། ལ་གྷུ་ལ་གྷུ། བྷྲཱུ~ཾ་བྷྲཱུ~ཾ། ཧཱུ~ཾ་ཧཱུ~ཾ། ཛི་ན་ཛི་ཀ་མཉྫུ་ཤྲཱི་ཡེ། ཏ་ར




iiif viewer powered by OpenSeadragon

165b - 166b

Texts on this page

J931 - 'phags pa gzhang 'brum rab tu zhi bar byed pa'i mdo
J932 - ma zhu ba'i nad 'byang ba'i gzungs
J933 - 'phags pa sdang ba thams cad rab tu zhi bar byed pa'i gzungs
J934 - sdig pa thams cad rab tu zhi bar byed pa zhes bya ba'i gzungs