| | e-texts navigator
|
165b1 ཟད་པ་དྲག་པོ་མི་བདེ་བ་ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་གྱུར་ན། བཙུན་པ་བཅོམ་ལྡན་འདས་དེ་དག་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ
165b2 འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱིས་གཞང་འབྲུམ་སེལ་བའི་མདོ་འདི་ལོང་ཤིག་།ཀུན་དགའ་བོ་གང་ལ་ལ་ཞིག་གིས་གཞང་འབྲུམ་སེལ་བའི་མདོའི་མིང་དང་། ཚིག་དང་། ཡི་གེ་ཤེས་ན་དེ་ཇི་སྲིད་འཚོའི་བར་དུ་གཞང་འབྲུམ
165b3 གྱི་ནད་ཀྱིས་བཏབ་པར་མི་འགྱུར་རོ། །ཚེ་རབས་བདུན་གྱི་བར་དུ་ཚེ་རབས་དྲན་པར་འགྱུར་རོ། །ཏདྱ་ཐཱ། ཨ་ལན་ནེ། ཨ་ལ་མེ། ཤྭ་ལི་ཙི་ནི་ཀུ་ཤི་སམ་བྷ་བེ་སྭཱ་ཧཱ། ཀུན་དགའ་བོ་འདི་ལྟ་སྟེ། བྱང་ཕྱོགས་ན་རིའི་རྒྱལ་པོ
165b4 གངས་ཞེས་བྱ་བ་དེ་ན་ས་ལའི་ཤིང་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་དེའི་མེ་ཏོག་གསུམ་ཡོད་དེ། གཅིག་ནི་འཕེལ་བ་ཞེས་བྱ། གཉིས་པ་ནི་འཇམ་པ་ཞེས་བྱ། གསུམ་པ་ནི་སྐམ་པ་ཞེས་བྱ་སྟེ། ཇི་ལྟར་དེ་སྐམ་པ་དེ་བཞིན་དུ་སེམས
165b5 ཅན་རྣམས་ཀྱི་རླུང་གི་འབྲུམ་བུ་བསྐམས་པར་གྱུར་ཅིག་། མཁྲིས་པའི་འབྲུམ་བུ་སྐམས་པར་གྱུར་ཅིག་།བད་ཀན་གྱི་འབྲུམ་བུ་སྐམས་པར་གྱུར་ཅིག་།མི་གཙང་བའི་འབྲུམ་བུ་སྐམས་པར་གྱུར་ཅིག་།ཁྲག་གི་འབྲུམ་བུ་སྐམས
165b6 པར་གྱུར་ཅིག་། འདུས་པའི་འབྲུམ་བུ་སྐམས་པར་གྱུར་ཅིག་།དེ་བཞིན་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱི་བད་ཀན་གྱི་འབྲུམ་བུ་སྐམས་པར་གྱུར་ཅིག་།མི་གཙང་བའི་འབྲུམ་བུ་སྐམས་པར་གྱུར་ཅིག་།ཁྲག་གི་འབྲུམ་བུ་སྐམས
165b7 པར་གྱུར་ཅིག་། འདུས་པའི་འབྲུམ་བུ་སྐམས་པར་གྱུར་ཅིག་།སྣའི་འབྲུམ་བུ་སྐམས་པར་གྱུར་ཅིག་།འཕྱང་བའི་འབྲུམ་བུ་སྐམས་པར་གྱུར་ཅིག་།ཏདྱ་ཐཱ། ཤ་མེ་ཤ་མཱ་ནེ། ཤ་མེ་ཤ་མ་ནེ་སྭཱ་ཧཱ། ན་བར་མ་གྱུར་ཅིག་།རེངས་པར་མ་གྱུར་ཅིག་།སྒྲ་འབྱུང་བར་མ
165b8 གྱུར་ཅིག་། འཛག་པར་མ་གྱུར་ཅིག་།སྡུག་བསྔལ་བར་མ་གྱུར་ཅིག་།རབ་ཏུ་སྡུག་བསྔལ་བར་མ་གྱུར་ཅིག་།ཟག་པར་མ་གྱུར་ཅིག་།རབ་ཏུ་ཟག་པར་མ་གྱུར་ཅིག་།འདི་ཉིད་དུ་ཟད་པ་དང་། ཡོངས་སུ་ཟད་པ་དང་། མེད་པར
iiif viewer powered by OpenSeadragon
165a - 166a