| | e-texts navigator
|
164b1 དག་འཆང་ངམ། འཛིན་ཏམ། ཀློག་གམ། ཡིད་ལ་བྱེད་དམ། ཀུན་ཆུབ་པར་བྱེད་ན། དེ་ཚེ་རབས་བཅུ་བཞིའི་བར་དུ་ཚེ་རབས་དྲན་པར་འགྱུར་རོ། །དེ་བྱང་ཆུབ་ཀྱི་སེམས་ལས་མི་ལྡོག་པར་འགྱུར་རོ། །དེ་ལ་གཟུངས་ཆེན་པོའི་གསང
164b2 སྔགས་ཀྱི་གཞི་ནི་འདི་རྣམས་ཡིན་ནོ། །ཏད་ཡ་ཐཱ། ཨད་ཊེ། བད་ཊེ། ཨག་གེ། བག་གེ། ཋག་གེ། ཋག་གེ། དྷ་ཀེ། དྷ་ར་དྷག་ཀེ། ཊ་ཀེ་ཊ་ར་ཀེ། ཨ་ཀ་སི། ས་ཀ་སི། མ་ཀ་སི། ཨི་ལི་མི་ལི། ཏི་ལི་མི་ལི། རཽ་ར་བེ། མ་ཧཱ་རཽ་ར་བེ། བྷཱུ་ཏ~ཾ་ག་མེ་བྷཱུ་ཏ
164b3 པ་རཱ་ཡ་ཎེ། ཏི་མིང་གི་སེ། མ་ཧཱ་ཏི་མིང་གེ་སེ། ས~ཾ་བྷཱ་བེ། མ་ཧཱ་ས~ཾ་བྷཱ་བེ། བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་དང་། ནད་འགོ་བ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ།
164b4 ཀུན་དགའ་བོ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་ཏེ། ང་ཡང་ད་ལྟ་ན་འཆད་ཅིང་རྗེས་སུ་ཡིད་རང་ངོ་། །ཀུན་དགའ་བོ་དད་པའི་རིགས
164b5 ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་ཆེན་པོའི་གསང་སྔགས་གཞི་འདི་དག་འཆང་བ་དང་། འཛིན་པ་དང་། ཀློག་པ་དང་། ཡིད་ལ་བྱེད་པ་དང་། ཀུན་ཆུབ་པར་བྱེད་པ་དེ་ཚེ་རབས་ཉི་ཤུ་རྩ་གཅིག་གི་བར་དུ་ཚེ་རབས་དྲན
164b6 པར་འགྱུར་རོ། །དེ་བྱང་ཆུབ་ཀྱི་སེམས་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །དེ་ལ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་ནི་འདི་རྣམས་ཡིན་ནོ། །ཏད་ཡ་ཐཱ། རུ་ལེ། མ་ཧཱ་རུ་ལེ། ཧེ་ཧེ་རི། མད་ཏ་རི། ཛ~ཾ་བྷ་ནི། སྟ~ཾ་བྷ་ནི། ཀུན
164b7 དགའ་བོ་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་ཆེན་པོའི་གསང་སྔགས་གཞི་འདི་དག་གིས་ཤིང་སྐམ་པོ་ལ་བསྲུང་བའམ། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ
164b8 བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། དུག་གསད་པ་དང་། མཚམས་གཅད་པ་དང་། ནམ་མཁའ་བཅིང་བ་དང་། ས་བཅིང་བ་བྱས་ཏེ། དེ་ལ
iiif viewer powered by OpenSeadragon
164a - 165a