e-texts navigator
Collection
Volume
Page
Wylie

181b1 དཀྱིལ་དཀྲུང་ལ་གནས་པས། །དཔལ་དང་གཟི་བྱིན་འཕེལ་བར་བྱ། །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ཏེ། །ཆགས་དང་ཞེན་པ་རྩེ་གཅིག་པ། །པད་མའི་དཀྱིལ་དཀྲུང་ལ་གནས་ཏེ། །མ་ལུས་དབང་དུ་བསྡུ་བར་བྱ། །བྱང་ཕྱོགས
181b2 ཉིད་དུ་ཁ་བལྟས་ཏེ། །ཁྲོས་པའི་སེམས་ཀྱིས་སོ་བཅའ་ཞིང་། །རུ་སྦལ་དང་ནི་གྱད་སྟབས་ཀྱིས། །གདུག་པ་བསྒྲལ་ཏེ་ལམ་དུ་གཞུག་།སོ་སོའི་སྔགས་ཀྱི་རིམ་པ་དག་།སྔ་དྲོ་ཞི་བའི་ལས་བྱས་ཏེ། །གུང་ལ་རྒྱས་པ་ཉིད་དུ་བྱ། །
181b3 རྒོངས་ཀ་དབང་གི་དུས་ཉིད་དེ། །དྲག་པོ་ནམ་གྱི་གུང་ལ་བྱ། །ནམ་ཟླ་དུས་བཞིར་བསྒྲུབས་པས་ན། །ངེས་པར་ལས་བཞི་འགྲུབ་པར་འགྱུར། །ོཾ་ཆེ་གེ་མོ་ཤཱན་ཏིང་ཀུ་རུ་སྭཱ་ཧཱ། སྭཱ་ཆེ་གེ་མོ་པུཥྚིང་ཀུ་རུ་སྭཱ་ཧཱ། ཧྲཱི་ཆེ་གེ་མོ་བ་ཤཾ
181b4 ཀུ་རུ་སྭཱ་ཧཱ། ཧཱུ~ཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། ལིང་གའི་གནས་ཀྱང་ལས་བཞིའི་དབྱིབས། །དགུག་དང་ཕུར་བུ་བཞི་བཏབ་ལ། །རི་ལུ་འམ་ལྷག་མ་གཏུབས་པ་དེ། །སོ་སོ་ལྷ་ཡི་ཞལ་དུ་བསྟབ། །རྩེ་མོ་ཞི་བྱེད་ཡལ་ཀ་རྒྱས། །
181b5 སྡོང་པོ་དབང་ལ་རྩ་བ་དྲག་ཁ་དང་མངར་སྐྱུར་ཚ་བའི་ཤིང་། །རོ་ཡི་མཆོད་པ་དེ་བཞིན་ཏེ། །རྒྱུད་བཟངས་རྒྱལ་པོ་སྨད་འཚོང་མ། །ཤན་པའི་ཁྱིམ་ནས་མེ་བླངས་ཏེ། །ལས་དང་འཐུན་པའི་ར་སྐྱེས་མནན། །ས་བོན་བཞི
181b6 ལས་རིམ་པ་བཞིན། །པ་པ་ཀ་དང་དབང་ཆེན་དང་། །གཟི་བྱིན་ཅན་དང་འཇོམས་བྱེད་བཞི། །སྐུ་མདོག་ལས་བཞིས་ཕྱེ་བ་སྟེ། །འགུན་དེ་སྒྲོམ་དང་ཞགས་པ་དང་། །རྩེ་གསུམ་གཡོན་པ་བགྲང་ཕྲེང་ཉིད། །རིགས་བཞིས
181b7 ལས་བཞི་བྱིན་བརླབས་དབུ། །སྤྱན་དྲང་མཆོད་སྟོན་ལས་རྫོགས་ནས། །ལྟོ་བར་བྷྲུ~ཾ་ལས་གཞལ་ཡས་སུ། །ལས་དང་འཐུན་པའི་ལྷ་བསྐྱེད་ལ། །རང་རང་རྟོག་པའི་ཆོ་ག་བཞིན། །བསྲེག་དང་བྲོ་གར་ལས་བྱས་པས། །
181b8 གང་ཡང་འགྲུབ་པར་ཐེ་ཚོམ་མྱེད། །ཞེ་སྡང་ཅན་དང་ང་རྒྱལ་ཅན། །སྡུག་བསྔལ་གདུག་སེམས་ནད་གཟིར་བ། །དེ་འདྲ་ཞི་བར་བྱ་བའི་ཕྱིར། །ཞི་བའི་ལས་ནི་རྩོམ་པ་ཡིན། །ཚེ་ཐུང་ནད་མང་དཔལ་ལོངས་སྤྱོད། །ཕོངས་དང




iiif viewer powered by OpenSeadragon

181a - 182a

Texts on this page

J751 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud