| | e-texts navigator
|
180b1 ཁྱད་པར་ཡོན་ཏན་རྫོགས། །བྱ་བའི་ལས་ལ་མ་རྨོངས་ཤིང་། །ནུས་པ་བརྟན་པའི་རང་བཞིན་གྱིས། །རིམ་པ་ཇི་བཞིན་བརྩམ་པར་བྱ། །གངས་དཀར་འདབས་དང་ཡིད་འདང་བ། །ཞི་བའི་ལྗོན་ཤིང་མེ་ཏོག་ཚལ། །འབྲས་ལྡན
180b2 རྒྱས་པའི་རང་བཞིན་ནོ། །སུམ་མདོ་ངམ་གྲོག་གཏིང་ཟབ་པ། །དབང་དུ་བསྡུ་བའི་གནས་སུ་བཤད། །དུར་ཁྲོད་མཚན་གཅིག་རྒྱ་གྲམ་གནས། །འབྱུང་པོ་འདུ་སར་དྲག་པོ་ཤིས། །ཞི་ལ་ས་གཞི་དཀར་ལྡན་པ། །ཟླུམ
180b3 པོ་སུམ་རིམ་ཨོཾ་དང་བཅས། །འཁོར་ལོ་འོད་དཀར་དང་བཅས་པ། །ཞི་བའི་ཐབ་ཀྱི་རང་བཞིན་ནོ། །རྒྱས་ལ་སེར་པོ་ཙན་དན་བཅས། །གྲུ་བཞི་རིམ་གསུམ་ཏྲ~ཾ་དང་བཅས། །རིན་ཆེན་འོད་ཟེར་འཕྲོ་བཅས་པ། །ཐབ་ནི་རྒྱས
180b4 པར་གསུངས་པ་ཡིན། །དབང་ལ་ས་དམར་ཆགས་འོད་ཅན། །ཟླ་གམ་གཞུ་འདྲ་པད་མས་མཚན། །རིམ་གསུམ་ཧྲི་དང་བཅས་པ་ནི། །དབང་དུ་བྱ་བའི་ཐབ་ཡིན་ནོ། །དྲག་པོ་ས་ནག་དུར་སོལ་ཅན། །གྲུ་གསུམ་རྡོ་རྗེ་རྩེ་གསུམ
180b5 གདེང་། །ཐོད་ཕྲེང་འོད་ནག་རིམ་གསུམ་ཧཱུ~ཾ། །དྲག་པོའི་ཐབ་ཀྱི་རིམ་པ་ཡིན། །འོ་མ་ཅན་དང་གསེར་ཅན་དང་། །ཆགས་པ་ཅན་དང་ཚེར་མ་ཅན། །འཕྲིན་ལས་བཞི་ནི་སོ་སོ་ཡི། །ཡམ་ཤིང་བསྲེག་ཤིང་ཉིད་དུ་བཤད། །ལིང་ག
180b6 ཁ་དོག་སོ་སོ་སྟེ། །གནས་ཀྱང་ཐབ་ཁུང་བཞི་དང་མཚུངས། །མར་དཀར་འབྲས་དཀར་ཏིལ་དཀར་དང་། །ནས་དཀར་ཆན་དང་འོ་མ་ཞོ། །དངུལ་ཕྱེ་གཏོར་མ་དཀར་པོར་བཅས། །ཞི་བའི་བསྲེག་གཏོར་རྫས་སུ་བཤད། །མར་རྙིང་བུ་རམ
180b7 སྦྲང་རྩི་དང་། །འབྲས་དང་ཆན་རྣམས་ལྡོང་རོས་དང་། །མེ་ཏོག་གསེར་དང་ཙན་དན་བཅས། །གསེར་ཕྱེ་གཏོར་མ་སེར་པོར་བཅས། །འདི་དག་རྒྱས་པའི་རྫས་ཉིད་དེ། །དཔལ་དང་གཟི་བྱིན་རྒྱས་པར་འགྱུར། །ཚ་བའི་མར་དང་ཆང
180b8 སྐྱུར་དང་། །རམ་བུ་པད་མ་རག་ཏ་དང་། །འབྲས་དམར་ཙན་དན་ཟངས་ཕྱེ་དང་། །གཏོར་མ་དམར་པོ་དབང་རྫས་ཡིན། །ཚིལ་ཆེན་མར་དང་ཚ་བ་གསུམ། །ཀླུང་ཆེན་ཤ་ཁྲག་སྲན་ཆན་དང་། །དུག་གསུམ་ཐལ་ཆེན་ཚ་བའི་མར། །
iiif viewer powered by OpenSeadragon
180a - 181a