| | e-texts navigator
|
177a1 བདག་ཉིད་ཧ་ཡ་གྲཱི་བ་འམ། །ཡ་མཱན་ཏ་ཀ་ལ་སོགས་པ། །གང་རུང་ཁྲོ་བོར་གསལ་བསྒོམས་ལ། །དྲག་ཏུ་དགུག་ཅིང་བསྟིམ་པར་བྱ། །རྟགས་བྱུང་མཐར་ཐུག་མངོན་གྱུར་ནས། །ལེགས་ཉེས་དེ་ཡིས
177a2 སྨྲ་བར་འགྱུར། །གལ་ཏེ་འདར་ཞིང་མི་བརྗོད་ན། །ོཾ་གྱི་འོད་དང་ཨ་མྲྀ་ཏས། །ལྕེ་ལ་ཐབས་ཀྱིས་དབང་བསྐུར་ཞིང་། །ཧ་ཡ་གྲཱི་བས་གད་མོས་བསྡིགས། །ལེགས་པར་སྨྲ་བར་ཐེ་ཚོམ་མེད། །གལ་ཏེ
177a3 གསད་པའི་ལས་བྱེད་ན། །གསལ་ལ་བརྟན་ཐོབ་རྣལ་འབྱོར་བས། །དུར་ཁྲོད་ཤིང་གཅིག་བཞི་མདོ་འམ། །ལྷ་འདྲེས་མངོན་དུ་གནས་པའི་སར། །བདག་ཉིད་ཞེ་སྡང་རྡོ་རྗེ་སྟེ། །དུད་ཁ་ནག་པོ་འོད་འབར་བ། །
177a4 སྤྱན་བཟློག་མཚོན་ཆ་མེ་ལྟར་འབར། །སྤྲུལ་པའི་ཆར་ལྟར་འཁྲུག་པར་བསམ། །བདུན་དུ་ཧོམ་ཁུང་ཁྲུ་གང་ཚད། །གྲུ་གསུམ་དུར་སོལ་ཁྲག་ཆེན་བྱུག་།ནང་དུ་ལིང་ག་བདུད་རྩི་ལྔ། །ཆགས་པའི་རྒྱུ་དང་ཚ་བ
177a5 དང་། །ཤེས་པ་ཆགས་པའི་རྟེན་ལ་བྱས། །ཕོ་ཉས་མིང་རུས་བཅས་བཀུག་ལ། །བསྟིམས་ལ་ཕྱག་རྒྱས་བཅིང་བར་བྱ། །ལྕགས་སམ་ནག་པོའི་ཤིང་ལས་བྱས། །དྲག་པོའི་ཕུར་བས་གནས་གསུམ་གདབ། །ཧྲིཿཥྚིཿ
177a6 དྲག་པོས་གཡས་གཡོན་ནས། །ཁྲོས་པའི་སེམས་ཀྱིས་བསྲེག་བྱས་ནས། །དེ་ནང་དྲག་པོ་ཚེར་མ་ཅན། །ནམ་ཕྱེད་གཅེར་བུས་བསྲེགས་བྱས་ནས། །ལྷ་ཡང་རུང་སྟེ་བརླག་པར་འགྱུར། །གལ་ཏེ་དབྱེ་བའི་ལས་བྱེད་ན། །
177a7 བདག་ཉིད་ཡ་མཱན་ཏ་ཀ་སྟེ། །རྔམ་ཞིང་གདུག་གཏུམ་ང་རྒྱལ་ཅན། །ཤིན་ཏུ་འཇིགས་ཤིང་སྡིགས་པར་བསྒོམ། །ཉི་མས་འཇིགས་པའི་དང་རུང་དང་། །མུན་པས་འཇིགས་པའི་གུང་རུ་ལ། །གང་ཡིན་དེ་ཉིད་བྲིས་ལ་བླན། །
177a8 ལྷ་དང་ལྷ་མིན་གཉིས་ལ་གཏད། །རླུང་གི་ཕྱོགས་སུ་དེ་ཡིས་བསྐྱོད། །སྤྲུལ་པ་ཕོ་ཉས་གཡུལ་འགྱེད་ཅིང་། །འཐབ་ཅིང་རྩོད་པར་རྣམ་པར་བསམ། །བར་དུ་ཁྲ་དང་བྱ་རོག་འཐབ། །མེ་ཆུ་རླུང་གིས་འབུད་བསམས་ན། །དེ་ནི་གང་ཡིན
iiif viewer powered by OpenSeadragon
176b - 177b