| | e-texts navigator
|
153b1 བའི་ལྷ། །འཐུང་དང་རྔུབ་པའི་ཐབས་ཆེན་གྱིས། །འཁོར་བའི་ས་བོན་ཟད་ཅེས་པས། །ཟ་བྱེད་ཁྲོ་བོར་དེ་བཤད་པའོ། །དཔག་མེད་ཐིག་ལེའི་རང་བཞིན་གང་། །ས་ཡ་བཅུ་གསུམ་ཕོ་བྲང་ན། །བདེ་བ་ཆེན་པོ་ཡེ་ཤེས་གཟུགས། །སྐུ་གསུང་ཐུགས་དང
153b2 ལྷན་ཅིག་བཞུགས། །འདུ་ཤེས་གསུམ་ལྡན་བྱིན་བརླབས་ཏེ། །གསང་བའི་ཡེ་ཤེས་ལྔ་ལྡན་པས། །དབང་ཐོབ་རྣམས་ལ་རྒྱས་བཏབ་བོ། །གསང་བ་ཐིག་ལེ་ཆེན་པོ་ནི། །རང་བྱུང་བདེ་བ་ཆེན་པོ་ཉིད། །རྣམ་རྟོག་རྒྱུ་བ་ཆད་པ་ཡི། །རྡོ་རྗེ་པདྨའི་བར་ན་གནས། །
153b3 འོག་སྒོ་སྙིང་པོ་པདྨ་ནི། །རྒྱལ་བ་ཀུན་གྱི་དཀྱིལ་འཁོར་ཏེ། །གསང་བ་སྐུ་གསུང་ཐུགས་ཉིད་དུ། །ཐབས་དང་ཤེས་རབ་གཉིས་མེད་གནས། །མ་ལུས་འདུས་པའི་ཐིག་ལེ་ཉིད། །གཉིས་མེད་བཅུད་དུ་གྱུར་པ་ནི། །དེ་ཡི་བདེ་བ་ཆེན་པོ་ཉིད། །ཁྱབ་པའི་ཚུལ
153b4 གྱིས་གང་བར་བཞུགས། །ཡེ་ཤེས་རྒྱ་མཚོ་ལྷན་ཅིག་སྐྱེས། །གསང་བའི་ཐིག་ལེ་བདེ་བའི་རོ། །ཉི་ཟླ་འདྲེས་པའི་ཚུལ་གྱིས་སྣང་། །གསང་བའི་དཀྱིལ་འཁོར་ཆེན་པོར་བཤད། །དེ་ནས་རྒྱལ་བ་ཐམས་ཅད་ཀུན། །གདུལ་བྱའི་བསམ་པའི་ཁྱད་པར་གྱིས། །
153b5 ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པར། །རྡོ་རྗེ་ཁྲོ་བོར་སྣང་གྱུར་ཏེ། །བསྐྱེད་ཅིང་གདུག་པ་འདུལ་བ་ཡི། །དྲག་པོ་ལྷ་ཡི་སྔགས་དག་དང་། །དེ་ཡི་གཞལ་ཡས་སྣང་བར་མཛད། །བྷྲུ~ཾ་བི་ཤྭ་བི་ཤུདྡྷེ། ཛྙཱ་ན་ཀཱ་པ་ལ་རཏྣ་པཉྩ་ཧཱུ~ཾ། མ་ཧཱ་དེ་བ་སྠི་ར་བ~ཾ། སཱུརྱ་ཙནྡྲ
153b6 མཎྜ་ལ་ཧཱུ~ཾ། དེ་སྟེང་སོ་སོའི་སྐུ་ཉིད་དག་།གསལ་བའི་རིམ་པ་དགོད་པར་བྱ། །ོཾ་བུདྡྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨུ~ཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ
153b7 ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རི་སརྦ་དུཥྚཱནྟ་ཧཱུ~ཾ་ཕཊ། ཨོཾ་མ་ཧཱ
153b8 བཛྲ་དྷ་ར་ཀྲོ་དྷཱི་ཤྭ་རི་ཛ་ལ་ནཱི་ཧཱུ~ཾ་ཕཊ། ཨོཾ་མ་ཧཱ་སཱུརྱ་རཏྣ་མ་ཧཱ་ཀྲོ་དྷཱི་ཤྭ་རི་བི་ད་མ་ཧཱུ~ཾ་ཕཊ། ཨོཾ་ཤྲཱི་ཤ་ཏ་ས་མནྟ་པདྨ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཁཱ་ཧི་ཧཱུ~ཾ་ཕཊ། ཨོཾ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་དྷཱི་ཤྭ་རི་བི་ཤྭ་ཧཱུ~ཾ་ཕཊ། ཨོཾ་བཛྲ་གཽ་རཱི་ཧ། བཛྲ་ཙཽ་རཱི་ཧ། བཛྲ་པྲ་མོ་ཧཱ་ཧ། བཛྲ་བཻཏྟ་ལཱི་ཧ།
iiif viewer powered by OpenSeadragon
153a - 154a