e-texts navigator
Collection
Volume
Page
Wylie

150a1 ཨོཾ་སྒྱུ་འཕྲུལ་དྲ་བ་གཉིས་མེད་པའི། །གསང་བ་ཟབ་མོ་སྐུ་གསུང་ཐུགས། །གདོད་ནས་བདག་དང་དབྱེར་མེད་པའི། །ད་ལྟར་ཉིད་དུ་དབྱེར་མེད་ཤོག་།ོཾ་བཛྲ་ས་མ་ཡ་ཧཱུ~ཾ། ཨོཾ་བཛྲ་ས་མ་ཡ་སྟྭ~ཾ། ཨོཾ་བཛྲ་ས་མ་ཡ་ཧོཿ་ཛཿཧཱུ~ཾ་བ~ཾ་ཧོཿ་ཞེས་བརྗོད་པས།
150a2 སྣ་ཚོགས་དཀྱིལ་འཁོར་མཛེས་པ་དག་།གཉིས་མེད་རོ་གཅིག་འདྲེས་ནས་ཀྱང་། །སྟོང་གསུམ་དཀྱིལ་འཁོར་གསལ་བར་འགྱུར། །ོཾ་ཨཱཿཧཱུ~ཾ་སྭཱ་ཧཱ། མུ~ཾ་མཱ~ཾ་ལཱ~ཾ་པཱ~ཾ་ཏཱ~ཾ། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཏྲཱ~ཾ་ཏྲཱ~ཾ་ཏྲཱ~ཾ་ཏྲཱ~ཾ། དྷྲི་དྷྲི་དྷྲི་དྷྲི། ཨཱཿཱཿཱཿཱཿ། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུཾ
150a3 ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཛཿཧཱུ~ཾ་བ~ཾ་ཧོཿརབ་ལྡན་པས། །གཙོ་བོ་ལྔ་དང་གཙོ་མོ་ལྔ། །འབྲེལ་པ་སུམ་ཅུ་རྩ་གཉིས་དང་། །རྡོ་རྗེ་ཁྲོ་བོ་ཁྲོ་མོ་དང་། །སྒོ་བཞི་རབ་འབྱམ་ལ་སོགས་པ། །དཀྱིལ་འཁོར་རྒྱས་པར་སྣང་བར་མཛད། །འཁོར་ལོ་ཉིས་རྩེག
150a4 རྩིབས་སུ་བཅས། །ཁྱམས་དང་སྒོར་བཅས་ལྷ་ཡི་རིམ། །རང་རང་ཕྱག་མཚན་གདན་དང་བཅས། །བཞུགས་ཐབས་ཚུལ་བཞིན་གནས་པའོ། །དེ་ནས་རྒྱལ་བ་དེ་དག་གི། དཀྱིལ་འཁོར་ཆེན་པོ་དེ་དག་ལ། །དབང་བསྐུར་བྱིན་བརླབས་བྱ་བའི
150a5 ཕྱིར། །གསང་བའི་སྔགས་ནི་གསུང་བར་མཛད། །ོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོུ྅ཧ~ཾ། ཨོཾ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧ~ཾ། ཨོཾ་མ་ཧཱ་པྲ་ཏྱཱ་བེཀྵ་ཎཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧ~ཾ། ཨོཾ་མ་ཧཱ་ས་མནྟ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏ
150a6 ྨ་ཀོུ྅ཧ~ཾ། ཨོཾ་མ་ཧཱ་ཀྲྀ་ཏྱ་ཨ་ནུཥྛཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧ~ཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧ~ཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧ~ཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧ~ཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ
150a7 ག་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧ~ཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧ~ཾ། ཞེས་བརྗོད་ཡེ་ཤེས་སྐུ་གསུང་ཐུགས། །རྩེ་གཅིག་ཐིམ་པར་གསལ་བར་འགྱུར། །ཙིཏྟ་འོག་མིན་འབར་བའི་གནས། །རིན་ཆེན་འབར་བ་རྫོགས་པའི་མཛོད། །
150a8 མི་ཤིགས་ཐིག་ལེ་ཟ་མ་ཏོག་།རྒྱལ་བ་ཀུན་གྱི་བཞུགས་པའི་གནས། །ཙིཏྟའི་ཁམས་ལྔའི་སྙིང་པོ་ལ། །བདེ་བའི་ཐིག་ལེ་ཕྲ་རགས་ཉིད། །ཡེ་ཤེས་ལྔ་ཡི་བདག་ཉིད་དུ། །གསང་བ་འཛིན་པའི་རྒྱལ་པོར་བརྗོད། །གང་དེ་དངས་མ་ཡེ་ཤེས་ལྔ། །




iiif viewer powered by OpenSeadragon

149b - 150b

Texts on this page

J751 - rdo rje sems dpa'i sgyu 'phrul dra ba gsang ba thams cad kyi me long zhes bya ba'i rgyud