e-texts navigator
Collection
Volume
Page
Wylie

233a1 དེ་ཉིད་རྡོ་རྗེ་སྙིང་པོ་ལས། །གང་གི་ཟུག་རྔུ་ཀུན་བྱང་དེར། །མ་ལུས་ཡོངས་སུ་རྫོགས་པ་ལ། །གང་གི་དགོངས་པ་ངེས་འགྲེལ་བ། །སྦྱོར་བའི་སྐབས་སུ་བཤད་པ་དག་།དེ་ཉིད་རྣམ་པར་འགྲོ་བར་བྱ། །དེ་ལ་དགོངས་འགྲེལ་སྦྱོར
233a2 སྐབས་བཅུ། །འདུན་པ་སྐྱེད་དང་རྩོལ་བ་སྦྱོར། །བསླབ་པར་འཇུག་དང་འདུ་ཤེས་འགྱུར། །སྦྱོར་ནས་རོ་ཚོར་ཡུལ་ལ་འཇུག་།རྟོགས་ཆེན་རྡེང་འགྱུར་ལས་སུ་རུང་། །རྒྱུན་དང་བཅས་པའི་སེམས་སྐབས་བཅུ། །སྙིང་པོ་དེ་དག་རྒྱུན་བཅས
233a3 ཕྱིར། །རྣལ་འབྱོར་ཆེན་པོའི་སྐབས་བཅུ་ཡིས། །རྣལ་འབྱོར་རྣམ་ལྔའི་ཁྱད་པར་ལ། །བཅུ་དྲུག་རྒྱུན་གྱིས་ངེས་པར་རྫོགས། །དེ་བཞིན་ཡེ་ཤེས་ཐམས་ཅད་ལ། །རྣམ་པ་བཅུ་ཡི་ཁྱད་པར་གྱིས། །དང་པོ་ནས་བཟུང་རྫོགས་པར་དུ། །
233a4 སྦྱར་བ་གང་དེ་སྒྲིབ་པ་ནུབ་པར་འགྱུར། །གང་ཟག་གིས་གང་མཐོང་དེར་ན། །རིག་པ་བྱང་ཆུབ་སེམས་རེ་འབྱུང་། །དེ་ཉིད་དེ་ནུབ་གང་ཞེ་ན། །གཡོ་དང་སྨོན་དང་ལྡང་བ་དང་། །སྦྱོར་བ་འཇུག་དག་མི་འགྱུར་བ། །རིག་དང་གནས་དང་རྫོགས་པའོ། །
233a5 གང་གི་གཟུགས་བརྙན་གང་སྣང་བ། །དངོས་མེད་རང་སྣང་འཐུན་པའི་དཔེ། །ཕྲ་མོ་ཐ་མལ་ཆེན་པོ་ཡི། །སྐར་མ་ཟླ་ཚེས་གཉིས་པ་དང་། །གསུམ་དང་བཞི་དང་ལྔ་པ་དང་། །བརྒྱད་དང་བཅུ་དྲུག་ལྟ་བུར་སྣང་། །འདུན་པ་སྐྱེ་བའི་སྐབས་དག་ལ། །
233a6 གཡོ་བ་ལྷག་པའི་སེམས་འབྱུང་ཏེ། །མུན་པའི་སྤྲིན་རུམ་ལྟ་བུ་ཡི། །གཟེར་འཕྲོ་སྐར་མ་རབ་རིབ་སྣང་། །རྩོལ་བ་སྦྱོར་བའི་སྐབས་དག་ལ། །སྨོན་པ་ལྷག་པའི་སེམས་འབྱུང་སྟེ། །ཤིན་དུ་སྐར་མ་ཕལ་པ་དག་།གང་ལ་རབ་རིབ་ལྟ་བུའོ། །བསླབ་པ
233a7 འཇུག་པའི་སྐབས་དག་ལ། །ལྡང་བ་བྱང་ཆུབ་སེམས་འབྱུང་སྟེ། །ཇི་ལྟར་མེ་ཡི་གཟེར་ཆེན་དང་། །སྐར་ཆེན་ལྟ་བུ་རབ་རིབ་སྣང་། །འདུ་ཤེས་འགྱུར་བའི་སྐབས་དག་ལ། །སྦྱོར་བ་ལྷག་པའི་སེམས་སྐྱེ་སྟེ། །ཇི་ལྟར་མགལ་མེ་འཁོར་ལོ
233a8 དང་། །གཅིག་པའི་ཟླ་ཚེས་ལྟ་བུར་སྣང་། །སྦྱོར་ཆེན་འཇུག་པའི་སྐབས་དག་ལ། །འཇུག་པ་ལྷག་པའི་སེམས་སྐྱེ་སྟེ། །ཇི་ལྟར་སྒྲོན་མེ་ལྟ་བུ་དང་། །ཟླ་ཚེས་གཉིས་པ་ལྟ་བུར་སྣང་། །རོ་མྱོང་བ་ཡི་སྐབས་དག་ལ། །དགའ་བ་ལྷག་པའི་སེམས་འབྱུང




iiif viewer powered by OpenSeadragon

232b - 233b

Texts on this page

J747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo