e-texts navigator
Collection
Volume
Page
Wylie

227b1 གང་གི་དུས་ན་དངས་སླ་བ། །ཤིན་ཏུ་རྟས་པར་གྱུར་པ་ཡིན། །དེ་བཞིན་འདྲིལ་དུས་འདྲིལ་བ་དེ། །འདྲེན་པ་ནས་འཇུག་ངེས་རྟ་བའོ། །ལྔ་གང་གང་འདི་འབྱུང་བས་བསྐྱེད། །གཅིག་ཏུ་གང་རྟེན་འབྱུང་བ་ཉིད། །དེ་ཉིད་རྟེན་ཞུགས་སྙིང་པོའོ། །ཐ་མ
227b2 གཉིས་ལ་དབང་འབྱུང་སྐྱེ། །ཁམས་བཞིན་རྒྱས་སྲ་སྡུད་སྨིན་འཛིན། །ཡན་ལག་རྣམས་འབྱེད་འབྱིན་པ་ཡིན། །གང་དང་གང་གིས་བཞིན་མདོག་འགྱུར། །གནས་ཡིན་བཞིན་ཕྱོགས་འཐུན་ལྟར་གཡོན། །འབྱུང་ཉིད་སྣརེལ་ཞི་ཕན་ཚུན་གཡས། །
227b3 གནས་ན་གནས་དུས་བརྒྱད་ཉིད་དེ། །མེར་ནུར་ལྟར་མཁྲང་ཡན་ལག་འགྱུར། །དེ་ལ་དེར་ཕྱིར་འབྱུང་བ་དང་། །དབང་པོ་དང་ནི་མཚན་དོད་པའོ། །ཡོངས་སུ་རྫོགས་པའི་དུས་དེ་ན། །བདུན་ཕྲག་པ་ཡི་རླུང་བྱུང་སྟེ། །གང་གི་ནད་ནི་བསྐྱེད་པར་བྱེད། །འབྱུང་བའི
227b4 ཆར་གཏོགས་རླུང་འབྱུང་བས། །གཡོ་འགུལ་ཅན་དུ་འགྱུར་བ་སྟེ། །སྲིད་འབྱུང་ལུགས་སུ་ཇི་བཞིན་བཟློག་། དེ་དག་དེ་ན་གནས་པའི་ཡུན། །བདུན་ཕྲག་སུམ་བཅུ་རྩ་བརྒྱད་ཀྱིས། །ཐམས་ཅད་དེས་ནི་རྫོགས་པ་ཡིན། །གང་གི་རྩ་དྲུག་བཞི་རྫོགས་ནས། །གདོན
227b5 མི་ཟ་བར་འབྱུང་བ་ཡིན། །ལྔ་པ་འབྱུང་བའི་ཆོས་བཞི་ལ། །གང་ལས་རྣལ་འབྱོར་འབྱུང་གནས་ཉིད། །གང་འདི་དེ་དག་བཞི་ཕྲག་བཞི། །བཅུ་དྲུག་ཆོས་སུ་གྲགས་པ་ལ། །གང་སྐྱེ་བ་དག་ཀུན་འདུས་པའོ། །འདི་དག་ལས་ཀྱི་སྐྱེ་བ་སྟེ། །ཐམས་ཅད་ཐམས
227b6 ཅད་བྱེད་པ་ནི། །ངང་རིང་མགྱོགས་པའི་ལས་ཡིན་ཞེས། །མུན་པའི་སྤྱོད་ཡུལ་པ་ཡིས་མཐོང་། །ལས་ཀྱིས་བསྒྱངས་པས་བསྒྲིབས་པ་ལ། །དགོངས་དེ་དེ་ལྟར་མདོར་གསུངས་པའོ། །ལང་ཀའི་བདག་པོ་དེ་དག་ནི་སྣང་བའི་མདོར་ཤེས་པར་བྱའོ། །ལང
227b7 ཀའི་བདག་པོ་གཞན་ཡང་འཇུག་པའི་མདོ་གང་ཞེ་ན། འདི་ལྟ་སྟེ། དེ་འདོད་བྱེད་པ་རྣམས་གསུམ་གནས། །གོ་འབྱེད་རྒྱུན་གཅིག་རྒྱུན་གཞན་བྱེད། །སོ་སོ་རིས་སུ་བཅད་དབང་བྱེད། །དེ་ཉིད་ལྡན་པ་དེ་ཁོ་ན། །གང་གི་ངོ་བོར་བྱུང་ཙམ་ཉིད། །གང་ཡང་མ་ཡིན
227b8 དེ་དབུ་མ། །ཀུན་ཏུ་མི་འཆོས་རང་བཞིན་བླུན། །གསུམ་གསུམ་གཉིས་དང་རྐྱེན་གསུམ་དུས། །འདོད་ཁམས་ཡོངས་སུ་རྫོགས་པ་ཡིན། ལང་ཀའི་བདག་པོ་དེ་དག་ནི་མདོ་བཞི་ཞེས་བྱ་སྟེ། དེས་དེ་ཡོངས་སུ་དགྲོལ་བར་ཤེས་པར་བྱའོ། །ལང་ཀའི




iiif viewer powered by OpenSeadragon

227a - 228a

Texts on this page

J747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po rdo rje bkod pa'i rgyud rnal 'byor grub pa'i lung kun 'dus rig pa'i mdo theg pa chen po mngon par rtogs pa chos kyi rnam grangs rnam par bkod pa zhes bya ba'i mdo