| | e-texts navigator
|
178a1 ཆགས་པའི་བསྐལ་བ་ལྟ་བུར་སྣང་། །མངོན་པར་སྤྱོད་པ་མཛད་པ་ནི། །འཇིག་པའི་བསྐལ་པ་ལྟ་བུའོ། །ལང་ཀའི་བདག་པོ་དེ་དག་ནི་ཡོན་ཏན་མི་ཟད་པ་མཛོད་ཀྱི་བཀོད་པ་དང་། ཕྲིན་ལས་བརླབས་ཀྱིས་མཛད་པའི་བྱིན
178a2 བརླབས་ལས་སྣང་བར་རིག་པར་བྱའོ། །དེ་སྐད་ཅེས་སྨྲས་པས་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་གསང་བ་དམ་པ་ཁོ་ན་ཉིད་དེ་བྱིན་གྱི་བརླབས་ལས་སྣང་བར་རིག་པར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི
178a3 མདོ་ཆེན་པོ་ལས་སྤྱོད་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་བཀོད་པའི་ལེའུ་སྟེ་སུམ་བཅུ་ལྔ་པའོ། ། །།ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས་བྱིན་གྱི་བརླབས་ཀྱི་སྣང་བ་ན་ཡང་འབྱུང་བའི་གཏམ་རྒྱུད་བརྗོད་པའི
178a4 ཕྱག་རྒྱ་ཡེ་ཤེས་རྣམ་པར་བགྲོས་པ་སྟེ་བྱུང་ཚུལ་བསྟན་པ་བདུན་པའོ། ། །། དེ་ནས་ཡང་ལང་ཀའི་མངའ་བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་གསང་བ་པའི་བདག་པོ་དེ་ལ་སྔོན་དུ་བྱུང་བའི་ཚིག་བཅུ་གཉིས
178a5 པའི་བརྒྱད་པ་བརྒྱུད་པ་ཐབས་ཀྱིས་གྲགས་པ་ན་ཡང་བྱུང་ཞེས་འབྱུང་བ་ལ་འདི་སྐད་ཅེས་དྲི་བ་ཡོངས་སུ་དྲིས་སོ། །ཀྱེ་གསང་བ་པའི་བདག་པོ་ཉིད་ཀྱིས་ཐེག་པ་ཆེན་པོ་གསང་བ་དམ་པ་བྱུང་བའི་ཚུལ་སྟོན་པས་ལུང་བསྟན་པ
178a6 གཏམ་རྒྱུད་དུ་བརྗོད་པའི་སྐབས་སུ་བརྒྱུད་པ་ཐབས་ཀྱིས་གྲགས་པ་ན་ཡང་བྱུང་ཞེས་བཀོད་པ་དེ་ཇི་ལྟར་བརྒྱུད་ཅིང་གང་དུ་གྲགས་པ་ལགས། །སྨྲས་པ། ལང་ཀའི་བདག་པོ་དགོངས་པས་བརྒྱུད་དེ་ཚིག་ཏུ་གྲགས་པས
178a7 ལྷ་དང་མིའི་འཇིག་རྟེན་དུ་སྣང་བར་གྱུར་པ་ཡིན་ནོ། །ལང་ཀའི་བདག་པོ་དེ་གང་ཞེ་ན། འདི་ལྟ་སྟེ། གང་གིས་གང་ལ་གང་བརྒྱུད་པ། །དེ་བཞིན་ཉིད་དེ་དེའོ་ཞེས། །ཆོས་ཀྱི་རྒྱལ་པོ་རྒྱལ་འཚབ་ལ། །དགོངས་པ་གསང་བ་ངེས་བར
178a8 བརྒྱུད། །ལྷ་གནས་མི་ཡི་འཇིག་རྟེན་དུ། །གསང་བའི་བདག་པོ་གང་བགྲོས་པ། །སྔོན་དུ་གནང་འབྱུང་སྐྱེས་བུ་དག་།དམན་པའི་ལུས་འཛིན་སེམས་དཔར་གྲགས། །གྲགས་པ་དེ་ཡང་ཇི་ག་གང་། །འདས་པའི་དུས་ན་སྔོན་བྱུང
iiif viewer powered by OpenSeadragon
177b - 178b