| | e-texts navigator
|
175a1 ལ་སོགས་པ་ཐ་དད་དོ། །གཞན་ཡང་ཁ་ནི་བོང་བུ་ལྟ་བུའོ། །ག་ནི་བསེ་ལྟ་བུའོ། །གྷ་ནི་བུམ་པ་ལྟ་བུའོ། །ང་ནི་ཀང་ག་ལྟ་བུའོ། །ཙ་ནི་ཙ་ཤའི་ཁ་ལྟ་བུའོ། །ཚ་ནི་གདུགས་ལྟ་བུའོ། །ཛ་ནི་དྲ་བ་ལྟ་བུའོ། །ཛྷ་ནི་དྲ་བ་ཆེན་པོ་ལྟ་བུའོ། །
175a2 ཉ་ནི་བ་དན་གྱི་ཁ་ལྟ་བུའོ། ཏ་ནི་འཛམ་བུ་དྭཱི་པ་ལྟ་བུའོ། །ཐ་ནི་ཐ་གུ་རའི་ཁ་ལྟ་བུའོ། །ད་ནི་མཁའ་འགྲོ་མའི་ཁ་ལྟ་བུའོ། །དྷ་ནི་ངང་པའི་ཁ་ལྟ་བུའོ། །ན་ནི་ཏོལ་ཁ་ལྟ་བུའོ། །ཊ་ནི་ངང་པ་ཟ་བ་ལྟ་བུའོ། །ཋ་ནི་ཕ་བང་ལྟ་བུའོ། །ཌ་ནི་མཆེ་བ་ལྟ
175a3 བུའོ། །ཌྷ་ནི་གཞུ་ལྟ་བུའོ། །ཎ་ནི་མ་ཧེའི་ཁ་ལྟ་བུའོ། །པ་ནི་རི་རབ་ལྟ་བུའོ། །ཕ་ནི་ཁྱུང་ལྟ་བུའོ། །བ་ནི་འདམ་བྱ་ལྟ་བུའོ། །བྷ་ནི་ཁ་ལག་ཚེ་ལྟ་བུའོ། །མ་ནི་སྤྲེའུ་སློང་བ་ལྟ་བུའོ། །ཡ་ནི་ཟླ་བ་ཚེས་པ་ལྟ་བུའོ། །ཝ་ནི་རྐ་ཏི་ཀའི་ཁ་ལྟ་བུའོ། །
175a4 ར་ནི་ཀུན་ཙི་ཏའི་ཁ་ལྟ་བུའོ། །ལ་ནི་བྱ་རོག་ཤ་ཐེན་ལྟ་བུའོ། །ཤ་ནི་རི་བོང་ལྟ་བུའོ། །ཥ་ནི་ཤ་ན་ཏ་ཁ་ལྟ་བུའོ། །ས་ནི་བྲམ་ཟེ་སློང་བ་ལྟ་བུའོ། །ཧ་ནི་ཧ་ར་ཀ་ལྟ་བུའོ། །ཀྵ་ནི་སྲིན་པོའི་ཁ་ལྟ་བུའོ། །ི་ནི་ལྕགས་ཀྱུ་བསྣོལ
175a5 བས་རེ་བས་རྟེན་པ་ལྟ་བུའོ། །ུ་ནི་འོད་དཔག་བརྩེགས་པ་རེ་བས་དྲངས་པ་ལྟ་བུའོ། །ེ་ནི་རེ་བ་བརྩེགས་པ་འོད་དཔག་གི་དྲངས་པ་ལྟ་བུའོ། །ོ་ནི་གཞུ་གདུངས་པ་ལྟ་བུའོ། །ུ0f00་ནི་གདུགས་ཕུབ་པ་ལྟ་བུའོ། །~ཾ་ནི
175a6 དྲང་སྲོང་ཚུལ་བརྟན་པ་ལྟ་བུའོ། །རི་ནི་ལྕགས་སྒྲོག་ཀྱོ་གས་དྲངས་པ་ལྟ་བུའོ། །ལི་ནི་བྱ་གག་ཀྱོ་གས་དྲངས་པ་ལ་སོགས་པ་སྟེ། ཡི་གེ་རེ་རེ་ལ་ཡང་དབྱིབས་ཐ་དད་ཡོད་དེ། དེ་ལྟར་ན་འདྲེན་པ་ནི་གུ་གུ་ལྕགས་ཀྱུ་ལྟ་བུའོ། །འོད
175a7 དཔག་ནི་ཞབས་ཀྱུད་དཀྲིས་པ་ལྟ་བུའོ། །རེ་བ་ནི་བསེའི་རྭ་བསྒྲེང་བ་ལྟ་བུའོ། །ཟླ་ཚེས་ནི་ན་རོའི་རྭ་ལྟ་བུའོ། །ཐིག་ལེ་ནི་ལི་ཚག་ཚིག་གི་མིག་ལྟ་བུའོ། །དབྱུག་པ་ནི་འཕང་མདུང་ལྟ་བུ་སྟེ། སོ་སོའི་དབྱིབས་ཐ་དད་པ་དེ་ལྟ་བུ་ཡོད
175a8 དོ། །ལང་ཀའི་བདག་པོ་དེ་དག་ནི་ཡི་གེའི་དབྱིབས་ཏེ་ཡི་གེའི་གཟུགས་སུ་ཤེས་པར་བྱའོ། །ལང་ཀའི་བདག་པོ་དེ་ལ་ཡི་གེའི་རང་བཞིན་གང་ཞེ་ན་འདི་ལྟ་སྟེ་ཡི་གེའི་རང་བཞིན་གང་ཡིན་པ་དེ་ཡི་གེ་གཞན་གྱི་རང་བཞིན་དུ་མི
iiif viewer powered by OpenSeadragon
174b - 175b