| | e-texts navigator
|
138a1 ཅིང་འཇོམས་པར་འགྱུར། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །
138a2 ཤིན་དུ་ལེ་ལོས་གཡེང་བར་འགྱུར། །ཤིན་དུ་གཡེང་བའི་ལེ་ལོ་ཡིས། །མི་ཁོམ་གནས་སུ་ལྟུང་བར་འགྱུར། །དེ་ནས་དེ་ཉིད་སླར་བྱུང་བས། །བསྐལ་པ་གསུམ་གྱིས་བསྐལ་པར་འགྱུར། །འདས་པའི་དུས་ན་སྔོན་བྱུང་བ། །
138a3 བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་དུ་གཏི་མུག་རྨོངས་པར་གྱུར། །ཤིན་དུ་གཏི་མུག་རྨོངས་པ་ཡིས། །
138a4 གཏི་མུག་བྱོལ་སོང་ཉིད་དུ་ལྟུང་། །དེ་ནས་དེ་ཉིད་སླར་བྱུང་བས། །མཐོང་སྣང་ལམ་ཡང་ཆད་པར་འགྱུར། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡིས། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི
138a5 ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་དུ་ཆགས་པས་མྱོས་པར་འགྱུར། །ཤིན་དུ་ཆགས་པས་མྱོས་པར་འགྱུར། །མངལ་གྱི་གྲོང་ཁྱེར་ཉིད་དུ་ལྟུང་། །དེ་ནས་དེ་ཉིད་སླར་བྱུང་བས། །འདོད་པའི་མེ་ཡིས
138a6 གདུང་བར་འགྱུར་ཞེས་ཐམས་ཅད་དུ་གྲག་གོ། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་འདས་པ་སྔོན་བྱུང་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་གཅིག་པའོ།། །། དེ་ནས་གསང་བའི་བདག་པོས་སྨྲས་པ།
138a7 ལང་ཀའི་བདག་པོ་དེ་ལྟར་ཡི་དགས་དྲག་པོ་དེས་མི་གང་ཇི་སྙེད་པ་དབང་དུ་གྱུར་པའི་ཆེ་བ་བཅོམ་ཞིང་། ཨེ་མའོ་དབང་ཕྱུག་བདག་ལས་སུ་དག་ཆེ་སུ་དག་ཡོད་ཅེས་ཉིད་ལ་དམ་པ་དང་། ལང་ཀ་ཡུལ་གྱི་གྲོང་རྡལ་མཚོ་རྐོ་རྐ
138a8 ཐང་མར་གྱི་གླིང་བྱན་ལག་མཆོངས་ཀྱི་རིམ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་ཞེས་བྱ་བ་ན་ལང་ཀའི་མངའ་བདག་སྲིན་པོའི་རྒྱལ་པོ་ཞེས་བྱ་བ། སངས་རྒྱས་ཐུབ་པའི་དབང་པོ་ཞེས་བྱ་བའི་སློབ་མར་གྱུར་པ། མཐུ
iiif viewer powered by OpenSeadragon
137b - 138b