| | e-texts navigator
|
137b1 ཤིན་དུ་འགོག་ལ་བརྩོན་པར་འགྱུར། །ཤིན་དུ་འགོག་པའི་སྦྱོར་བ་ཡིས། །འགགས་ཤིང་ཡོངས་སུ་འདས་པར་འགྱུར། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི
137b2 གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་དུ་ཁྲོ་གཏུམ་གདུག་པར་འགྱུར། །ཤིན་དུ་ཁྲོ་གཏུམ་གདུག་པ་ཡིས། །འོ་དོད་འབོད་པར་ལྟུང་བར་གྱུར། །དེ་ནས་འཕོས
137b3 པའི་སེམས་ཅན་དེ། །བག་ཆགས་ལས་ཀྱིས་མཚམས་སྦྱར་ནས། །ཤིན་དུ་གདུག་པ་ཆེན་པོར་འགྱུར། །བློ་ཡང་བདུད་ཀྱིས་བྱིན་བརླབས་ནས། །དུག་ནད་རིམས་དང་འཕྲ་མེན་མ། །གནོད་པའི་ཟུག་རྔུ་གཟེར
137b4 མདའ་འཕྲོ། །བདུད་དང་ལོག་འདྲེན་རྣམ་ཐར་འཚེ། །ཤིན་དུ་གཏུམ་རྔམ་མ་རུངས་པས། །འཇིག་རྟེན་གསུམ་དག་འཇིག་བྱེད་ཅིང་། །དམ་ཚིག་དག་ལ་ཟ་བ་དང་། །དམ་པའི་ཆུ་བོ་རྐ་བཟློག་སྟེ། །ལྷ་མི་འཇིག་རྟེན་འཕོ
137b5 བར་བྱེད། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ལོག་པར་ལྟ་ལ་གནས
137b6 པར་གྱུར། །ལྟ་བ་ཤིན་དུ་ལོག་པ་ཡིས། །མནར་མེད་དམྱལ་བ་ཆེན་པོར་ལྟུང་། །དེ་ནས་གལ་ཏེ་སླར་བྱུང་ན། །དམ་པའི་ལམ་ཉིད་ཆད་པར་འགྱུར། །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན
137b7 པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་དུ་བརྐམ་ཞིང་འཇུངས་པར་འགྱུར། །ཤིན་དུ་གདུངས་འཇུངས
137b8 བརྐམ་པ་ཡིས། །ཡི་དགས་གཤིན་རྗེའི་ཁམས་སུ་ལྟུང་། །དེ་ནས་དེ་ཉིད་སླར་བྱུང་བས། །ཤིན་དུ་སྐེམ་པོ་དབུལ་པོར་གྱུར། །བཀྲེས་སྐོམ་ཤིན་དུ་གདུངས་པ་ཡིས། །ཕན་ཚུན་གསོད
iiif viewer powered by OpenSeadragon
137a - 138a