| | e-texts navigator
|
60a1 མར་མེའི་ཕྱག་རྒྱའོ། །འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཁྲོ་བོའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པའི་ལེའུའོ།། །། དེ་ནས་འབྱུང་པོ་བརྒྱད་ཀྱི་སྒྲུབ་པའི་ཐབས་ཀྱི
60a2 ཆོ་ག་རྒྱས་པར་བཤད་པ། ཨོཾ་ཧྲཱིཿཛཿགཞན་གྱིས་མི་ཐུབ་པའིའོ། །ོཾ་ཧཱུ~ཾ་ཛཿ་རྒྱལ་བའིའོ། །ོཾ་ཧྲཱི་ཛཿ་རྫོགས་བྱེད་ཀྱིའོ། །ོཾ་བྷྲུ~ཾ་ཛཿ་ཀུན་ཏུ་རྫོགས་བྱེད་ཀྱིའོ། །ོཾ་སྲུ~ཾ་ཛཿ། དུར་ཁྲོད་ཀྱི་བདག
60a3 པོའིའོ། །ོཾ་རུ~ཾ་ཛཿ། རིག་སྔགས་ཀྱི་དབང་ཕྱུག་གིའོ། །ོཾ་ཧྲཱི་ཧཱུ~ཾ་ཛཿའབྱུང་པོའི་དབང་ཕྱུག་གིའོ། །ོཾ་ཨ~ཾ་ཛཿམངག་གཞུག་མཆོག་གིའོ། །འབྱུང་པོ་གཞན་གྱིས་མི་ཐུབ་པའི་སྒྲུབ་པའི་ཐབས
60a4 བཤད་པ། རྡོ་རྗེ་འཆང་གི་ཁྱིམ་དུ་སོང་སྟེ། སྔོན་དུ་འབུམ་བཟླས་ཏེ། སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་ཟླ་བ་ཉ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། ཅི་ལྟར་གསུངས་པའི་འབྲས་ཆན་དཀར་པོ་དང་།
60a5 སྦྲང་རྩི་དང་ཞོ་དང་། བུ་རམ་དང་འོ་མ་དང་། ཤ་རྣམས་ཀྱིས་མཆོད་ཅིང་གུ་གུལ་གྱི་བདུག་པ་བྱིན་ནས། མཚན་ཐོག་ཐག་བཟླས་ན་ཐོ་རངས་ངེས་པར་འོང་ངོ་། །གལ་ཏེ་ངེས་པར་མ་འོངས་ན་སྐད་ཅིག་དེ་ལ
60a6 འཆིའོ། །འོངས་ན་བསྒོ་བ་དོན་མེད་པར་མི་བྱེད་དོ། །སྒྲུབ་པ་པོས་མངག་གཞུག་གྱིས་ཤིག་ཅེས་བསྒོ་ན་དེ་ཕན་ཆད་མངག་གཞུག་གི་ལས་བྱེད་ལ་རིག་པ་འཛིན་པའི་རྒྱལ་སྲིད་སྟེར་བར་བྱེད་ཅིང་དགྲ་ཐམས
60a7 ཅད་ཚར་གཅོད་པར་བྱེད་དོ། །ཟླ་བའི་ལྷ་མོ་བླངས་ནས་སྟེར་ཞིང་རྒྱབ་ཏུ་ཞོན་ན་ལྷའི་འཇིག་རྟེན་དུ་ཡང་འཁྱེར་བར་བྱེད་དོ། །བརྒྱ་བྱིན་ཉིད་ཀྱང་སྟེར་བར་བྱེད་ཅིང་བསྐལ་པ་བདུན་འཚོའོ། །དེ་ནས་རྒྱལ་བའི
60a8 སྒྲུབ་པའི་ཐབས་བཤད་པ། མཚན་མོ་སྦྱིན་བྱེད་མའི་མདུན་དུ་སོང་སྟེ། ཉི་མ་རེ་རེ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ན་ཉི་མ་བདུན་པ་ལ་མཆོད་པ་རྒྱས་པར་བྱས་ཏེ། གཏོར་མ་སྦྱིན་ཞིང་གུ་གུལ་གྱི་བདུག་པ་བྱིན་ནས
iiif viewer powered by OpenSeadragon
59b - 60b