e-texts navigator
Collection
Volume
Page
Wylie

44b1 འདུག་པ་ཡང་འབེབས་ཤིང་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བ་ཡང་སྨྲ་བར་བྱེད་དོ། །དེ་ནས་མེ་ཏོག་དོར་བར་བྱས་ནས་དེའི་འོག་ཏུ་གདོང་གཡོགས་བཀྲོལ་ཏེ་ལྷའི་རིགས་བསྟན་ཅིང་མིང་གི་དབང་བསྐུར
44b2 ཏེ། མཆོད་པ་བྱ་ཞིང་ཕྱག་རྒྱ་དང་སྔགས་ཀྱང་བསླབ་པར་བྱའོ། །འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་ལེའུ་རྫོགས་སྷོ།། །། དེ་ནས་འདིར་འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་ཆོ་ག་རྒྱས་པར
44b3 བཤད་པ། དང་པོ་རེ་ཤིག་ལག་པ་གཉིས་ལ་ཟླ་བའི་དཀྱིལ་འཁོར་བསྒོམས་ཏེ། དེ་དག་གི་དབུས་སུ་ཡི་གེ་ཧཱུ~ཾ་འབར་བའི་ཕྲེང་བ་འཁྲུག་པར་བསམས་ཏེ། སྔགས་འདི་བཟླས་པར་བྱའོ། །ོཾ་སིདྡྷི་བཛྲ་ཧཱུ~ཾ། དེ་ནས་སྡིག་པ
44b4 ཐམས་ཅད་འཇོམས་པའི་སྔགས་བཟླས་ཏེ། སྙིང་གར་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་ཡི་གེ་རཾ་དམར་པོ་ཐིག་ལེ་དང་བཅས་པའི་འབར་བའི་ཕྲེང་བ་འཁྲུགས་པར་བསམས་ནས་སྡིག་པ་ཐམས་ཅད
44b5 འཇོམས་པའི་སྔགས་འདི་བཟླས་སོ། །ོཾ་ཧ་ན་བི་དྷྭཱན་ས་ཡ་བི་དྷྭཱན་ས་ཡ། ནཱ་ཤཱ་ཡ་སཱ་བམ་ཧཱུ~ཾ་ཕཊ། འདིའི་རྗེས་ཐོགས་ཁོ་ནར་སྟོང་པ་ཉིད་དུ་བསྒོམས་ཏེ། མདུན་དུ་མེ་ཏོག་ཀུནྡ་དང་། ཤེལ་ལྟ་བུར་བལྟས་ནས་དེའི་དབུས
44b6 སུ་ཡི་གེ་ཧཱུ~ཾ་དང་། པད་མ་འདབ་མ་བརྒྱད་པ་རྣམ་པར་བསམས་ཏེ། དེའི་དབུས་སུ་ཡི་གེ་ཧཱུ~ཾ་འབར་བའི་ཕྲེང་བ་ཀུན་ནས་འཁྲུགས་པ་རྣམ་པར་བསམས་ལ། ཁྲོ་བོ་དབབ་པའི་སྔགས་འདིས་དབབ་པར་བྱའོ། །ོཾ་ཀྲོ་དྷ
44b7 ཨཱ་བེ་ཤ་ཡ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཨ། དེ་ནས་ཁྲོ་བོ་དབབ་པའི་ཕྱག་རྒྱ་བཅིངས་ཏེ། སྔགས་འདི་བཟླས་པར་བྱའོ། །ོཾ་བཛྲ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་པཱ་ཏ་ཡ་ཧཱུ~ཾ། དེ་ནས་རང་ལྷའི་སྐུར་བསམ་མོ། །དེ་ནས་ཁྲོ་བོའི་བདག་པོ་ཁྲོ་བོའི
44b8 རྒྱལ་པོའི་ཕྱག་རྒྱས་ཡན་ལག་དྲུག་ཏུ་དགོད་པར་བྱ་སྟེ། ཨོཾ་ཧ་ན་བཛྲ་ཧཱུ~ཾ། སྤྱི་བོར་རོ། །ོཾ་དྷ་ར་བཛྲ་ཧཱུ~ཾ། སྤྱི་གཙུག་ཏུའོ། །ོཾ་དཱིཔྟ་བཛྲ་ཧཱུ~ཾ། མིག་ཏུའོ། །ོཾ་བཛྲ་རོ་ཥ་ཎ་ཧཱུ~ཾ། སྙིང་གར་རོ། །ོཾ་བཛྲ་དྲྀ་ཌྷ་བཛྲ་ཧཱུ~ཾ།




iiif viewer powered by OpenSeadragon

44a - 45a

Texts on this page

J715 - 'byung po 'dul ba zhes bya ba'i rgyud kyi rgyal po chen po