e-texts navigator
Collection
Volume
Page
Wylie

329b1 ཀེ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨོཾ་ཙཀྲ་བ་ཏི། ཙིནྟ་མ་ཎི་མ་ཧཱ་པ་དུ་མེ་རུ་རུ་ཏིཥྛ། ཛྭ་ལ་ཨཱ་ཀར་ཥ་ཡ་ཧཱུ~ཾ་ཕཊ་སྭཱ་ཧཱ། རྩ་བའི་སྔགས་རྫོགས་སྷོ།། །།ོཾ་པ་དུ་མེ་ཙིནྟཱ་མ་ཎི་ཛྭ་ལ་ཧཱུ~ཾ། སྙིང་པོའོ། །
329b2 ཨོཾ་བ་རྀ་ད་པ་དུ་མེ་ཧཱུ~ཾ། ཉེ་བའི་སྙིང་པོའོ། །ོཾ་མ་ཎི་བཛྲེ་ཎི་ཧཱུ~ཾ། གསང་བའི་སྙིང་པོའོ། །སྔགས་སྙིང་བཞིན་དུ་འབྱུང་། སྨོན་ལམ་དང་ཚིགས་སུ་བཅད་པ་དང་སྔགས་སུ་བཅས་པ་རྫོགས་སྷོ།། །།སྟག་ལུང་རྒྱུད་འབུམ་ལ་གཏུགས་ནས་ཞུས། །
329b3 དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདིའམ་ཡང་དག་འདས་པ་དང་། །མཐོ་རིས་དག་ན་རིན་ཆེན་མཆོག་ཡོད་པ། །དེ་བཞིན་གཤེགས་པ་ལྷ་ཡི་ལྷར་གྱུར་པ། །མི་ཡི་མཆོག་དང་འདིར་ནི་མཚུངས་པ་མེད། །
329b4 དེ་བས་འདི་ན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག་།ཟད་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །ཤེས་པས་ཤཱཀྱ་ཐུབ་དེས་རབ་ཏུ་ཕྱེ། །བདུད་རྩི་ཞི་བ་འདུས་བྱས་མ་ཡིན་པ། །ཆོས་དེ་དང་ནི་མཚུངས་པ
329b5 གང་ཡང་མེད། །དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག་།མཆོག་ཏུ་གང་འདོད་ཚུལ་བཞིན་རབ་བསྟན་པ། །སྟོན་པའི་རྣལ་འབྱོར་བླ་མེད་རྟག་སྒྲུབ་པ། །རྡོ་རྗེ་ལྟ་བུའི་མིག་གཉིས་ལ་མཐོང་བ། །
329b6 ཏིང་འཛིན་དེ་དང་མཉམ་པ་ཡོད་མ་ཡིན། །དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག་།གང་ཟག་ཆེན་པོ་བརྒྱད་པོ་རབ་བསྔགས་ཤིང་། །གང་ཟག་ཟུང་བཞིར་བརྗོད་པ་དེ་དག་ནི། །དྲང་སྲོང་ཆེན་པོ
329b7 གང་ཟག་མཚུངས་མེད་པ། །བདེ་བར་གཤེགས་པས་སྦྱིན་པའི་གནས་ཤེས་གསུངས། །དེ་ལ་བྱིན་ན་འབྲས་བུ་ཆེར་འགྱུར་ཏེ། །ཞིང་རབ་གཤིན་ལ་ས་བོན་བཏབ་པ་བཞིན། །འདི་ནི་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ
329b8 དེ་ཡིས་འདིར་ནི་དགེ་བར་ཤོག་། གང་དག་བརྟེན་པའི་ཡིད་ཀྱིས་རབ་བརྩོན་ཞིང་། །གཽ་ཏ་མའི་བསྟན་ལ་འཇུག་བྱེད་པ། །དེ་དག་ཐོབ་ནས་བདུད་རྩི་འཇུག་ཐོབ་སྟེ། །མུན་པ་བསལ་ནས་མྱ་ངན་འདས་ཐོབ་པ། །དེ་བས་དགེ་འདུན




iiif viewer powered by OpenSeadragon

329a - 330a

Texts on this page

J741 - 'phags pa gser 'od dam pa mdo sde'i dbang po'i rgyal po las gsungs pa'i smon lam
J742 - stong chen mo rab tu 'joms pa las gsungs pa'i smon lam