e-texts navigator
Collection
Volume
Page
Wylie

6b1 མེ་ཏོག་ཕྲེང་བས་སྣོད་མཆོག་གཞན། །ལེགས་པར་དགང་ཞིང་མཛེས་པར་བྱ། །དྲིའི་དོན་དུ་བྱ་བ་ནི། །ཙན་དན་དཀར་པོ་དམར་པོ་བླང་། ། ག་རུ་དང་སྦྱར་བའི། །གུ་གུལ་བདུག་པ་དེ་བཞིན
6b2 ནོ། །མར་མེ་མར་གྱིས་མར་མེ་དང་། །མཁས་པས་སྙིང་པོ་འཇམ་པའོ། །དྲག་པོ་ཡི་ནི་ལས་དག་ལས། །མི་ཡི་ཚིལ་གྱིས་བྱ་བར་བཤད། །གཏོར་མ་ཉ་དང་ཤ་ལ་སོགས། །སྦྱར
6b3 ཐུག་ལས་སོགས་ལྷག་པར་དབུལ། །དེ་ལྟར་དེར་ནི་ཚོགས་བསགས་ནས། །དེ་ནས་རིག་སྔགས་འཆང་བ་ཡིས། །སངས་རྒྱས་ཀུན་ལ་ཕྱག་བྱས་ཏེ། །བྱང་ཆུབ་སེམས་ལ་དམིགས་ནས
6b4 ནི། །མི་རོ་ཡི་ནི་ལས་རྣམས་དག་།གལ་ཏེ་འདྲི་བར་མི་ནུས་ན། །ཡི་དགས་ཕལ་ཆེན་དབུས་དག་ཏུ། །པད་མ་སྔར་བྲིས་གང་ཡིན་པ། །དེ་ཡི་སྟེང་དུ་ཡི་དགས་ནི། །མཁས་པས་ཡིད་ཀྱིས་བསཾ
6b5 པར་བྱ། །ཡི་དགས་ཀྱི་ནི་སྔགས་མཆོག་གིས། །བསམ་པ་དག་ནི་བྱས་ནས་ཀྱང་། །གྲཝ་ཡི་བེ་ཅོན་བཞི་པོ་ཡང་། །སྔགས་ཉིད་ཀྱི་ནི་བསམ་པར་བྱ། །གལ་ཏེ་འདྲི་བར་ནུས་ན་ནི། །སྔགས་ཉིད
6b6 སྟེང་དུ་བཞག་པར་བྱ། །སྒོ་ཡི་ཡི་དགས་བཞི་པོ་ཡང་། །གལ་ཏེ་བྲི་བར་མ་ནུས་ན། །དེ་བཞིན་ཡི་དགས་འཛིན་སྔགས་ཀྱིས། །བྱིན་གྱིས་རློབ་པར་གསུངས་པ་སྟེ། །དེ་ཡི་ནང་དུ་རང་སྔགས་ཀྱི། །
6b7 བྱིན་གྱིས་རློབ་པར་བྱ་བའི་ཕྱིར། །རྐང་ལག་མགོ་བོ་དཔུང་པ་དང་། །དེ་བཞིན་བཞན་ཡང་དཔུང་པ་དང་། །གཞན་ཡང་དེ་བཞིན་ལག་པའི་ཕྲེང་། །ཐོད་པ་ཀེང་རུས་མི་ལྤགས་རློན། །རོ་ཡི་འཕྲེང་བ
6b8 བསམ་པར་བྱ། །དེ་ཡི་ནང་དུ་རང་སྔགས་ཀྱིས། །བྱིན་གྱིས་རློབ་དུ་གཞུག་པར་བྱ། །དེ་ལྟར་ཆོ་ག་བཞིན་བསམས་ནས། །མཇུག་ཏུ་ཁྲོ་བོ་གཤེན་རྗེ་གཤེད། །སྔགས་བརྗོད་པས་ནི་སྤྱན་དྲངས་ནས། །




iiif viewer powered by OpenSeadragon

6a - 7a

Texts on this page

J614(a) - khro bo rnam par rgyal ba'i rtog pa gsang ba'i rgyud