| | e-texts navigator
|
317a1 གང་ཞིག་ལྕགས་ཀྱུས་བཟུང་བས་གཉིས་རེ་ནས། །ཀླུ་ཕྲུག་འབུམ་ཕྲག་འདྲེན་ལྟར་དགེ་བའི་སེམས། །ཀུན་སློང་བྱང་ཆུབ་རིན་ཆེན་ཐོབ་མཛད་རྒྱུ། །རྟག་པར་འཆང་ན་གནས་བསྒྱུར་བྱེད་པར
317a2 འགྱུར། །དེ་ནས་བཅོམ་ལྡན་ཐུབ་པ་ཆེས། །བློ་ལྡན་རྣམས་ལ་བཀའ་སྩལ་པ། །ལེགས་སོ་ལེགས་སོ་སེམས་དཔའ་ཆེ། །གང་དག་དེ་དག་དེ་བཞིན་དུ། །བདེ་འདོད་རྣཾ་པར་གཡེང་བ་དང་། །དེས་ནི་སྡུག་བསྔལ་མྱ་ངན་འདས། །
317a3 གདུང་བ་ཆགས་སྡང་འཁྲུག་པ་དང་། །དེས་ནི་ལོག་པའི་ཆོས་འདོར་ཡང་། །དགེ་སྦྱོང་ལོག་ལྟས་ཚངས་པའི་གདོན། །སྔགས་ལོག་སྤྱོད་བྱེད་རིག་འཛིན་གདོན། །གདུལ་དཀའ་དག་ལ་རྒྱུན་རིངས་སོ། །སྐྱེ་ངན་འཇིགས
317a4 ཕྱིར་བློ་ཟབ་སྤྱོད། །གང་གིས་ཁྱིམ་དུ་རྒྱུད་འདི་ཡོད། །བྲི་དང་བཀླག་དང་མཆོད་པ་དང་། །རིམ་གྲོ་ཆེད་དུ་གསལ་བྱེད་དང་། །བཀྲ་ཤིས་ཚེ་རིང་དཔལ་འབྱོར་སྐྱེ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། །
317a5 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་དེ་དག་དང་། རིག་པའི་ལྷ་མོ་དང་། ཁྲོ་བོ་དུ་མ་དང་། ཉན་ཐོས་ཀྱི་ཚོགས་ཐམས་ཅད་དང་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།
317a6 བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པད་མ་དྲ་བ་ཞེས་བྱ་བ་ལས། སྦྱོར་བ་སྣ་ཚོགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ། །
317a7 འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པད་མ་དྲ་བ་ཞེས་བྱ་བ་རྫོགས་སྷོ།། །།རིག་པའི་འབྱུང་གནས་རིག་པའི་འོད་ཟེར་གྱིས་ཤེས་རབ་པད་མ་རྒྱས་པའི་ཁ་ཆེའི་ཡུལ་བདུད་རྩི་འབྱུང་བའི
317a8 གཙུག་ལག་ཁང་ཆེན་པོར་པཎ་ཌི་ཏ་ཆེན་པོ་སོ་མ་ཤྲཱི་བྷ་བྱ་ཞེས་བྱ་བ་དང་། བོད་ཀྱི་ལོ་ཙྪ་བ་ཀྱུ་ར་དགེ་སློང་ཚུལ་ཁྲིམས་འོད་ཟེར་གྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །ཞུས་དག་།བཀྲི་ཤིས་ཤོག་། །།
iiif viewer powered by OpenSeadragon
316b - 317b