e-texts navigator
Collection
Volume
Page
Wylie

315b1 མངའ་དོན་མངའ་པད་མ་རྒྱལ། །དག་པ་ཆོས་མངའ་ཆོས་མཆོག་འཛིན། །རྨད་འབྱུང་ཆེན་ལྡན་ཆོས་རབ་འཆང་། །ཆོས་ཀྱི་ཚོགས་ཁྱོད་ཕྱག་འཚལ་ལོ། །སངས་རྒྱས་སེམས་དཔའ་མཆོག་སེམས་དཔའ། །རིན་ཆེན
315b2 སེམས་དཔའ་ཆོས་སེམས་དཔའ། །དམ་ཚིག་སེམས་དཔའ་ལས་སེམས་དཔའ། །ཀུན་མཁྱེན་སེམས་དཔའ་ཁྱོད་ཕྱག་འཚལ། །འཇིག་རྟེན་དཔའ་བོ་དཔའ་བོ་མཆོག་།རྣམ་པར་གཟིགས་གཙོ་སྐྱོབ་མཛད་ཆེ། །
315b3 འཇིག་རྟེན་གསལ་མཛད་འཇིག་རྟེན་དོན། །འཇིག་རྟེན་མགོན་པོ་ཕྱག་འཚལ་ལོ། །འཇིག་རྟེན་ཡི་གེ་ཁ་དོག་ཆེ། །ཡི་གེ་ཆེ་ཚུངས་ཡིག་དྲུག་མཆོག་།ཡི་གེའི་རང་བཞིན་ཡི་གེ་གཟིགས། །ཡི་གེ་འཁོར་ལོ་ཁྱོད་ཕྱག་འཚལ། །
315b4 པད་མའི་ཕྱག་རྒྱ་པད་མའི་ལག་།ལེགས་སོ་སྦྱིན་མཛད་དབུགས་སྦྱིན་པའོ། །སངས་རྒྱས་ཚོགས་དེ་སངས་རྒྱས་ཆོས། །སངས་རྒྱས་ཆེ་མཁྱོད་ཕྱག་འཚལ་ལོ། །ཚད་མེད་ཆེ་སྐུ་སངས་རྒྱས་སྐུ། །གཟུགས་བཟང་འཆང་ལྡན
315b5 རྡོ་རྗེ་གཟུགས། །གཟི་བརྗིད་ཆེ་མཆོག་ཆོས་སྣང་བ། །སྣང་བར་མཛད་ཁྱོད་ཕྱག་འཚལ་ལོ། །གཙོ་མགོན་རྒྱལ་པོ་པད་མའི་དཔལ། །ཆོས་ཀྱི་དཔལ་མགོན་འདྲེན་མཛད་པ། །ཚངས་པའི་མགོན་ཆེན་ཁྱབ་འཇུག་མགོན། །ཚངས་པའི
315b6 སྲས་ཁྱོད་ཕྱག་འཚལ་ལོ། །ཆེར་གསལ་གཙོ་བོ་སྣང་བ་མཆོག་།འོད་ཆེན་མཛད་པ་རང་གསལ་མཛད། །སྣང་བ་ཆེན་པོ་ཀུན་གསལ་མགོན། །སྣང་བ་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱན་ཅན་སྤྱན་པོ་ཆེ། །ཆོས་ཀྱི་སྤྱན་ཏེ
315b7 གཟིགས་པ་ཆེ། །ཏིང་འཛིན་ཆེན་པོ་ཡེ་ཤེས་མཚོ། །རྡོ་རྗེ་སྤྱན་ཁྱོད་ཕྱག་འཚལ་ལོ། །འདྲེན་པའི་གཙོ་བོ་དབང་སྒྱུར་གཙོ། །མཁས་པ་ཆེན་པོ་སངས་རྒྱས་སྲས། །རྒྱལ་ཐབས་མཉེས་པ་ཁྱུ་མཆོག་ཆེ། །སངས་རྒྱས་དཔག་མེད
315b8 ཕྱག་འཚལ་ལོ། །དྲག་པོ་ཆེན་པོ་རྟུལ་ཆེན་པོ། །ཧ་ལ་ཆེན་པོ་སེང་གེ་སྒྲ། །མགྲིན་སྔོན་གར་གྱི་དབང་ཕྱུག་གཙོ། །ཡེ་ཤེས་གཙུག་ཏོར་ཕྱག་འཚལ་ལོ། །དེ་ལྟར་མིང་བརྒྱ་རྩ་བརྒྱད་གང་། །འཆང་ལ་ནད་མེད་བགེགས་མེད་དེ། །དཔལ་འབྱོར




iiif viewer powered by OpenSeadragon

315a - 316a

Texts on this page

J677 - 'phags pa spyan ras gzigs dbang phyug gi rtsa ba'i rgyud kyi rgyal po pad ma dra ba zhes bya ba