| | e-texts navigator
|
311a1 ནམས་འཕེལ། །གང་ཞིག་ཤེས་རབ་འདོད་པས་ནི། །དཔལ་བེའུ་རྒྱལ་པོའི་དུ་མར་ནི། །ཏྲི་ཡིག་རྒྱབ་ཏུ་སྔགས་འདིས་བསྐོར། །ོཾ་དང་སྐལ་དེ་སྐལ་མ་ནི་སྭཱ་ཧཱ་ཞེས་པ་བྲི། །དེ་རྒྱབ་མུ་ཁྱུད་འཁོར་བ་ལ། །མགྲིན་པ་སྔོན་པོའི་རྩ་སྔགས
311a2 བྲི། །དེ་རྒྱབ་འོད་ཀྱིས་ར་བ་བྲི། །གང་གིས་འདི་འཆང་མཆོད་པ་ལ། །ནད་དང་གནོད་པ་ཀུན་བྲལ་ཏེ། །དུག་དང་རིམས་ནད་འཇོམས་པ་དང་། །ཤེས་རབ་མྱུར་དུ་འཕེལ་བར་འགྱུར། །ཡུལ་དུ་ལོ་ཐོག་ཉམས་པ་དང་། །ཐོག་འབྲུག་སེར་བ་རྒོད་པ་དང་། །
311a3 ཀླུ་དང་ས་བདག་གནོད་པ་སྟེ། །དེ་བསལ་སྦྱོར་བ་བཤད་པར་བྱ། །ཤིང་ཀུན་དཀར་པོ་མ་ཉམས་པ། །ཉམས་དགའི་སྦྱོར་བ་ཉི་རིམ་ལ། །རྡོ་རྗེ་རྩེ་མོ་བཅུ་གཉིས་པ། །མིག་སྨན་གྱིས་ནི་བྲི་བར་བྱ། །གྲཝ་རྣམས་ལ་ནི་ཧཱུ~ཾ་ཡིག་ལ། །ོཾ་དང་ཛི་ནི་ཏི་ཏི་ཏེ། །ཧཱུ~ཾ
311a4 ཕཊ་ཅེས་པའི་སྔགས་ཀྱིས་བསྐོར། །མུ་ཁྱུད་དང་པོ་མགོན་པོ་ཆེ། །གདོང་བཅུ་གཅིག་པའི་སྔགས་ཕྲེང་བྲི། །གཉིས་པར་ཐུགས་རྗེ་ཆེན་པོ་མགོན། །མི་གཤོལ་བ་ཡི་སྔགས་ཀྱིས་བསྐོར། །གསུམ་པར་རྡོ་རྗེ་ཕྲེང་བ་དང་། །མེ་ཡི
311a5 འོད་དང་ལྡན་པར་བྲི། །ཕྱག་རྒྱ་འདི་ནི་བསྟན་ཙམ་གྱིས། །ཀླུ་ཡི་རྒྱལ་པོ་མཐུ་ལྡན་རྣམས། །འཁོར་དང་བཅས་ཏེ་ལུས་སྐམས་འགྱུར། །གང་གི་ཁྱིམ་དུ་གདོད་པ་དང་། །མ་ཧེ་རྟ་སོགས་ཡམས་ནད་ཅན། །བསལ་བའི་ཐབས་ཀྱི་ཕྱག
311a6 རྒྱ་ནི། །བརྟན་པར་དྲང་སྲོང་ཚོགས་རྣམས་ཉོན། །ཀོ་བི་ད་རིའི་ཤིང་ལ་ནི། །ཁྲུ་གང་ཁྲུ་གཉིས་དབྱིབས་གྲུ་བཞི། །གས་གྲུགས་ཆག་སོགས་མེད་པ་ལ། །ཤིན་ཏུ་སྲབ་འཇམ་སོར་གཉིས་རྔམས། །ཤིང་དེ་ལ་ནི་རྟ་བབས
311a7 གཟུགས། །འཁོར་ལོ་གདུགས་དང་བཅས་པ་ཡི། །བརྩེགས་པའི་གཡས་ཟུར་དང་པོ་ནི། །རྡོ་རྗེ་སྔོན་པོ་རྩེ་ལྔ་སྟེ། །གཉིས་པ་ཨུད་པ་ལ་དམར་པོའོ། །གསུམ་པ་འཁོར་ལོ་རྩིབས་བརྒྱད་སེར། །བཞི་པར་པད་མ་དཀར
311a8 པོའོ། །གཡོན་ཟུར་དང་པོར་པད་མ་དམར། །གཉིས་པ་ཨུད་པལ་སྔོན་པོའོ། །གསུམ་པར་ནོར་བུ་བཞི་རྒྱ་གྲམ། །ནང་ཁང་དུ་ནི་པད་མ་བྱ། །འདབ་མ་བརྒྱད་པ་འོད་ལྡན་པའོ། །ལྟེ་བ་དང་ནི་འདབ་བརྒྱད་ལ། །ོཾ་དང་པི་ཤཱ་ཙི་པརྞ། །ཤ་བ་རི་སརྦ་བྱ
iiif viewer powered by OpenSeadragon
310b - 311b