e-texts navigator
Collection
Volume
Page
Wylie

309a1 ཡེ་ཤེས་ཀུན་གྱི་མཛོད། །འོད་ཟེར་ཉི་མ་འབུམ་གཟི་ཅན། །འགྲོ་བ་འདྲེན་གཙོ་དེད་དཔོན་གྱི། །མགོན་པོ་སྤྱན་རས་གཟིགས་དབང་གི། སྔགས་དང་ཕྱག་རྒྱར་བཅས་པ་ཡི། །འགྲོ་ལ་སྣ་ཚོགས་ཕན་དོན་དུ། །ཅི་ལྟར
309a2 འགྱུར་མཛད་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་ཐུབ་པ་ཆེ། །པད་མའི་སྤྱན་གདངས་འཛུམ་མཛད་ནས། །ཚངས་པའི་གསུང་ནི་སྙན་པ་ཡིས། །འགྲོ་ལ་ཕན་ཕྱིར་འདི་སྐད་གསུངས། །དགེ་བྱེད་ཕྱག་རྒྱ་སྔགས་དང་བཅས། །
309a3 འགྲོ་ལ་ཕན་ཕྱིར་ཞུས་པ་ནི། །ལེགས་སོ་རྫུ་འཕྲུལ་འཁོར་ལོ་ཆེ། །ཤེས་རབ་འཆང་བ་ཁྱོད་ལེགས་སོ། །སེམས་དཔའ་ཆེན་པོ་དེ་ཕྱིར་ངས། །ཁྱོད་ལ་ངོ་མཚར་ལེགས་པར་བཤད། །ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན། །
309a4 ལེགས་པར་ཟུང་ལ་རྒྱ་ཆེར་སྤྲོས། །རས་སམ་གྲོ་ག་ཤིང་ཤུན་གང་། །འཇམ་ཞིང་ནག་རིས་མེད་པ་ལ། །གུར་གུམ་གིའུ་ཝང་སེན་རྩི་དང་། །ཙན་དན་གྱིས་ནི་ཕྱག་རྒྱ་བྲི། །པད་མ་འདབ་བརྒྱད་མུ་ཁྱུད་བཅས། །འོད་དང་ལྡན་པ་བྲི
309a5 བར་བྱ། །དྷ་ར་དྷ་ར་དང་པོ་སྟེ། །གཉིས་པར་དྷི་རི་དྷི་རི་སྤྲོ། །གསུམ་པ་དྷུ་རུ་དྷུ་རུ་སྟེ། །ི་ཏི་བི་ཊི་བཞི་ལྔ་པ། །ཙ་ལེ་ཙ་ལེ་གཉིས་བྲིའོ། །པྲ་ཙ་ལེ་གཉིས་དྲུག་པར་རོ། །ཀུ་སུ་མེ་དང་ཀུ་སུ་མ། །བདུན་པ་བྲིས་ཏེ་བརྒྱད་པ་ལ། །
309a6 བྷ་ལེ་ཨི་ལི་མི་ལི་བྲི། །ོཾ་མི་ཙི་ཏི་ཛ་ལམ་དང་། །ཧ་སར་བཅས་པ་དབུས་སུའོ། །ཕྱག་འཚལ་བཅས་སྔགས་མཐའ་མར་བྲི། །རབ་རྫོགས་སྔགས་ཀྱིས་ལྷར་དམིགས་ནས། །གཙང་མའི་མཆོད་པས་མཆོད་བྱ་སྟེ། །སྔགས
309a7 སྟོང་བརྗོད་ནས་ལུས་ལ་གདགས། །འདི་ནི་བསྲུང་བའི་མཆོག་ཏུ་འགྱུར། །ནད་དང་ཡམས་དང་གདོན་རྣམས་དང་། །འཇིགས་པ་བརྒྱད་ལས་སྐྱོབ་པར་ངེས། །རིག་སྔགས་བཟློག་ན་ཁྱད་པར་དུ། །རྡོ་རྗེ་དཀར་པོ་རྩེ་ལྔ་ལ། །འོད་ཀྱི་ར་བ་ཟླུམ
309a8 པོ་ཡི། །རི་མོ་གཉིས་དང་བཅས་པ་བྲི། །རྭ་རྣམས་ལ་ནི་ཧཱུ~ཾ་གཉིས་པར། །རིག་སྔགས་བཟློག་དང་བཅས་པ་བྲི། །ལྟེ་བར་ཨོཾ་ཧྲཱིཿསྭཱ་ཧཱའི་བར། །བདག་ཉིད་བསྲུང་ཤེས་བྲི་བར་བྱ། །མུ་ཁྱུད་དང་པོར་བྲི་བར་བྱ། །གཟིགས་དབང་ཡིད་བཞིན་ནོར་སྔགས་སོ། །




iiif viewer powered by OpenSeadragon

308b - 309b

Texts on this page

J677 - 'phags pa spyan ras gzigs dbang phyug gi rtsa ba'i rgyud kyi rgyal po pad ma dra ba zhes bya ba