| | e-texts navigator
|
296b1 ཏིལ་མས་ནང་དུ་རུ་རྟ་བཙོས། །བྱུགས་པས་གཞོགས་ནད་རྣ་ནད་དང་། །ཞ་གྲུམ་མྱུར་དུ་སེལ་བར་བྱེད། །ཡང་ན་རྩི་མར་ཉིད་ལ་བྱ། །ཏིལ་མར་ལྟེ་བར་བསྐུས་པ་ཡིས། །མྱུར་དུ་བུ་ཐོན་འགྱུར་བར་ངེས། །ལྕིམ་རྩས་ཤ་མ
296b2 ཐོན་པར་ངེས། །དུ་རུ་ཀ་དང་སྦྱི་མོང་སྦྱར། །སྙིང་ནད་དྲག་པོ་སེལ་བར་འགྱུར། །བ་རོག་མོའི་ལྕི་དྲོན་གྱིས། །རྨ་ཁར་བསླན་ན་མེས་ཚིག་སོས། །སྲིན་བུ་རིང་མོ་སྙིང་ལ་ཟ། །རྟ་དཀར་གཅིན་ལ་ཁྱོར་གང་འཐུང་། །དེས་ནི་སྲོག
296b3 ཆགས་བུད་པར་འགྱུར། །འབྲས་ལ་རམས་ཀྱི་ལོ་མ་ཡིས། །ཁུ་བ་བསྐོལ་བས་བྱུག་པར་བྱ། །བོང་བུའི་རྟུག་པ་གསར་པ་བརྩིར། །ཉལ་ཀར་མིག་དུ་བླུགས་ན་སོས། །མཚན་མ་སྐྲངས་ལ་སྐུད་དཀར་རོ། །དེ་ཀུ་ཉི་ཤུ་རྩ་གཅིག
296b4 བཟླས། །བརྒྱ་རྩ་བརྒྱད་བརྗོད་ཤུ་དག་དཀར། །དཔུང་པར་བཏགས་པས་གཡུལ་ལས་རྒྱལ། །ཕུག་རོན་རིལ་མ་ཉི་ཤུ་བརྒྱད། །བཟླས་བཅས་བསྐུས་པས་ལྕག་སྒྲོག་དང་། །ཤིང་སྒྲོག་ལ་སོགས་གྲོལ་བར་ངེས། །ཐལ་བ་འམ་བྱེ་མ
296b5 ལ་ནི་སྔགས། །སྟོང་བཟླས་མེ་ཏོག་སྲིན་བུ་གྲོལ། །གདོན་དང་ཡམས་ནད་བཟློག་པ་ལ། །དྲི་བཟང་ཆུ་ལ་བཟླས་ནས་བཀྲུས། །བུ་མེད་བུ་འདོད་དོན་དུ་ནི། །སྟོང་བཟླས་བ་མར་བཏུང་བར་བྱ། །བྱི་བ་སྦྲུལ་དང་རུ་སྦལ་ཤ་།ཕྱེ་མ་གཏོར་ན
296b6 ཕྱུགས་རྣམས་རེངས། །མར་ག་ནི་དང་ཤུ་དག་དང་། །ལྒ་དང་གོ་སྙོད་སྦྲང་རྩི་སྦྱར། །སྔགས་འདི་ཡིས་ནི་ཤེས་རབ་འཕེལ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ
296b7 ཡ། ཏདྱ་ཐཱ། ཁཱ་ཧི་ཁཱ་ཧི། བ་ལི་ཏེ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། །ན་མ་ཨརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ་མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་པདྨེ་ཕུ་མ་ཧཱ་པདྨེ་ཕུ། པདྨ་ལོ་ཙ་ནེ་ཕུ། ཨ་མོ་གྷ་བེ་ཏེ། ན་མོ་ཨ་དོཏ་ཀུ་ཏྲ་ཡ།
296b8 ས་ར་ས་ར་ག་ཙ་ག་ཙ། ཨི་མ་མ་མ་ཀྵི་རོ་ག~ཾ་ནཱ་ཤ་ཡ་སྭཱ་ཧཱ། ཉི་ཤུ་རྩ་གཅིག་བཟླས་ནས་ཀྱང་། །ཐལ་བས་མིག་ནི་ཕྱི་རོལ་བསྐུ། །མིག་ནད་ཐམས་ཅད་འཇོམས་པར་འགྱུར། །སྐུད་པ་དཀར་པོ་མདུད་པ་བདུན། །སྔགས་བདུན་བཟླས་པའི་རྣ་བ་ཡི། ནད
iiif viewer powered by OpenSeadragon
296a - 297a