e-texts navigator
Collection
Volume
Page
Wylie

291a1 པས་གཡུལ་ལས་རྒྱལ། །པད་མ་དམར་པོས་ལྷ་རུ་སྐྱེ། །རིལ་བ་སྤྱི་བླུགས་ཚངས་རིས་སྐྱེ། །སྤྲིན་མདོག་ལྔ་ནི་དྲང་སྲོང་སྐྱེ། །མེ་ལོང་གིས་ནི་ལྷ་ཞལ་མཐོང་། །པད་མ་རཱ་གས་ཡེ་ཤེས་སྐྱེ། །པད་མ་སྔོན་པོས་དག་པའི་ཞིང་། །
291a2 པད་མ་དཀར་པོས་དགེ་ཚོགས་འཕེལ། །རི་བོས་བུ་དང་བུ་མོ་འཕེལ། །དགྲ་སྟས་བདུད་ཀྱི་བར་ཆད་སེལ། །འཁོར་དང་སེམས་མཐུན་འབྲིང་གྷ་རས། །ཕུབ་ཀྱིས་དགྲ་དང་གཅན་གཟན་འཇོམས། །རྔ་ཡབ་དཀར་པོས་སྡིག
291a3 པ་འཕྱག་། མེ་ཏོག་སྙེ་མས་ནད་སེལ་བྱེད། །རིན་ཆེན་མདངས་ནི་ཡིད་འོང་གྲོགས། །གཞུས་ནི་ནོར་དང་གོ་འཕང་རྙེད། །ཆུ་ཤེལ་དུག་དང་ཚད་རིམས་སེལ། །མི་འཇིགས་ཕྱག་གིས་འཇིགས་སྐྲག་འཇོམས། །དགྲ་ལ
291a4 རྡོ་རྗེ་གཏུན་ཤིང་སྟེ། །རྡོ་རྗེ་ནག་པོ་བདུད་འདུལ་འགྱུར། །རིན་ཆེན་རལ་གྲིས་རིག་སྔགས་བཟློག་།ལྟོ་བ་ན་ལས་ལྷུང་བཟེད་དེ། །རིམས་ནད་སེལ་བྱེད་ཞགས་པའོ། །འབྲུ་འདོད་པས་ནི་འབྲུ་སྙེ་མ། །ནོར་དབྱིག་འདོད
291a5 པས་རིན་ཆེན་ཕུག་། ཡང་ན་ལུང་བསྟན་འདོད་པས་ན། །མགོ་ལ་སངས་རྒྱས་དམིགས་པར་བྱ། །མངོན་པར་ཤེས་པ་ལྔ་འདོད་ན། །སངས་རྒྱས་ལྔ་པོ་དམིགས་པར་བྱ། །དེ་ནས་མགོན་པོ་སྤྱན་རས་གཟིགས། །འཛུམ
291a6 པའི་མདངས་ཀྱིས་པད་མའི་ཞལ། །ས་ཡི་སྙིང་པོ་ལ་གཟིགས་ནས། །ས་ཡི་གོ་རིམས་འདི་གསུངས་སོ། །རིག་པ་འཛིན་པའི་རྟོག་པ་ནི། །གསང་སྔགས་ཐཾད་ས་བདུན་ཏེ། །གསང་སྔག་ས་དང་སྔགས་སྦྱར་ས། །རིག་འཆང་ས་དང་རིག་གསལ་ས། །
291a7 རིག་མཆོག་ས་དང་རིན་ཆེན་ས། །ཕྱག་རྒྱ་ཆེན་པོའི་ས་རྣམས་སོ། །གཙུག་ཏོར་ཆེན་པོའི་སངས་རྒྱས་ས། །གནས་སྐབས་དྲུག་ཏུ་རྒྱལ་བས་གསུངས། །ཀུན་ཏུ་འོད་དང་པད་མའི་སྤྱན། །ཡི་གེ་འཁོར་ལོ་ཚོགས་ཆེན་ས། །
291a8 རྡོར་འཆང་ཡེ་ཤེས་བླ་མའི་ས། །རྫོགས་སངས་བདེ་བ་ཆེན་པོའི་ས། །སའི་སྙིང་པོས་གསོལ་བ། མགོན་པོ་འཕགས་པ་ཐུགས་རྗེའི་སྤྱན་རས་གཟིགས་དབང་ཕྱུག་།བྱིན་བརླབས་ལྕགས་ཀྱུ་ལྟ་བུས་འཁོར་བའི་བཙོན་ར་ནས། །




iiif viewer powered by OpenSeadragon

290b - 291b

Texts on this page

J677 - 'phags pa spyan ras gzigs dbang phyug gi rtsa ba'i rgyud kyi rgyal po pad ma dra ba zhes bya ba