e-texts navigator
Collection
Volume
Page
Wylie

290b1 གཡོགས་ཏྲིཥྞ་ས་རི་སྟེ། །སྨད་གཡོགས་ཁ་དོག་སྔོན་པོའོ། །དབུ་རྒྱན་རིགས་ལྔའི་ཁ་དོག་སྟེ། །ཞལ་ཟས་སྣོད་ནི་པད་མས་བརྒྱན། །སེམས་ཅན་ཀུན་དོན་སྤྱོད་པའི་རྫས། །ཐུབ་པའི་བཀྲ་ཤིས་བཞེད་པའི་རྟགས། །གདུགས་ཉ་བུ~ཾ
290b2 པ་དཔལ་བེའུ་དང་། །རྒྱལ་མཚན་འཁོར་ལོ་པད་མ་སྩལ། །ནད་སེལ་བདེ་བྱེད་འཚོ་བའི་ཕྱིར། །འདོད་ཡོན་ཕྱོགས་རིས་གྲུབ་པའི་རྫས། །གིའུ་ཝང་དུར་བ་ལི་ཁྲི་ཞོ། །བིལ་བ་སྦྲང་རྩི་ཨ་རུ་ར། །ཀ་ར་བི་རའི་འབྲས་བུ་རྣམས། །ཧྲི་ཞེས
290b3 དག་པས་སྩལ་བར་བྱ། །གུར་ཀུམ་ག་ཕུར་གླ་རྩི་དང་། །བ་ཡི་འོ་མས་སྦྱར་བྱས་ནས། །ཚིག་འདིས་ལྕེ་ལ་གཞག་པར་བྱ། །ོ~ཾ`་ཡན་གར་ངེས་པའི་ཚིག་རིག་དང་། །མིང་གི་རྣམ་གྲངས་ཆོས་རིག་དང་། །དྲི་བ་ལན་ལྡོན་སྤོབས་པའི་རིག་།
290b4 ཕྱི་ནང་མཚན་ཉིད་དོན་རིག་ཤོག་།བཛྲ་དྷརྨ་པྲ་བེ་ཤ་།ོ~ཾ`་བཅས་བརྗོད་ཅིང་ལྕེ་ལ་ནི། །ལན་གསུམ་རྡོ་རྗེ་གཞག་པར་བྱ། །ཧཱིཿཡིག་དམར་པོ་མེ་འབར་བསམ། །གང་ལ་གོམས་པ་དེ་འབྱུང་ཞིང་། །གོམས་པ་གཞན་གྱི་དབང་མེད
290b5 ན། །རྟོག་པའི་འབྱུང་བ་ཆད་པའི་ཕྱིར། །ཀུན་རྟོག་ཕྱག་རྒྱ་ལ་དམིགས་བཤད། །དམིགས་པའི་རྟེན་གྱི་སྔགས་ལ་ཡང་། །བྱིན་བརླབ་ཐ་དད་འབྱུང་བར་འགྱུར། །ས་ལ་དབང་བསྐུར་ཐོབ་འདོད་པས། །ཕྱག་ན་འཁོར་ལོ་འཆང
290b6 ལ་དམིགས། །ཏིང་འཛིན་བརྟན་ལ་རྡོ་རྗེ་སྟེ། །དཔལ་ཐོབ་འདོད་པས་རིན་ཆེན་དམིགས། །གཟུགས་བཟང་འདོད་པས་པད་མ་སྟེ། །སྤོབས་པ་འདོད་པས་རལ་གྲིའོ། །གཞན་དོན་འདོད་པས་རྒྱ་གྲམ་སྟེ། །རྡོ་རྗེ་དཀར་པོས་སེམས་གསལ
290b7 འགྱུར། །ཤེས་རབ་འདོད་པས་གླེགས་བམ་མོ། །ཁང་བཟང་ཀྱིས་ནི་མིའི་རྒྱལ་པོའོ། །ཐུབ་གཟུགས་རྟག་ཏུ་སངས་རྒྱས་འཇམ། །ཐལ་སྦྱར་བ་ནི་འགྲོ་བས་བཀུར། །འཁར་བསིལ་བྱམས་དང་སྙིང་རྗེ་སྐྱེ། །ལྕགས་ཀྱུས
290b8 འཇིག་རྟེན་སྐྱོང་བས་བསྲུང་། །རིན་ཆེན་ཟེའུ་འབྲུ་ལྕེ་བདེར་འགྱུར། །དྲིལ་བུས་སྐད་སྙན་བྱེད་པར་འགྱུར། །བགྲང་ཕྲེང་གིས་ནི་ལུང་བསྟན་འཐོབ། །ཁྲི་རྐང་གིས་ནི་ཉེ་དབང་འགྱུར། །ལྷ་སོགས་བདུག་པ་དུང་ཡིན་ཏེ། །མདུང་རྩེ་གསུ~ཾ




iiif viewer powered by OpenSeadragon

290a - 291a

Texts on this page

J677 - 'phags pa spyan ras gzigs dbang phyug gi rtsa ba'i rgyud kyi rgyal po pad ma dra ba zhes bya ba