| | e-texts navigator
|
287a1 འཁོར་ལོ་སྟེ། །གྲོ་ཞུན་ཆུ་སྐྱོགས་མོན་གྲུ་དང་། །མོན་གྲེ་ཤེལ་སྒོང་ཁྲུམས་སྟོད་ཀྱིས། །རལ་གྲི་ཁྲུམས་སྨད་ཀུ་མུ་ཏ། །ནམ་གྲུ་བ་དན་ཐ་སྐར་གྱིས། །ཤིང་ལོ་བྲ་ཉེ་དབྱུག་སྲན་ཏོ། །ཟླ་བ་ཀུ་མུད་དཀར་པོ་སྟེ། །ཉི་མ་པད
287a2 མ་དམར་པོའོ། །མིག་དམར་མེའི་ཕུང་པོ་སྟེ། །གཟའ་ལག་ཨུད་པ་ལ་སྔོན་པོའོ། །ཕུར་བུས་ཆོས་ཀྱི་གླེགས་བམ་མོ། །པོ་པོ་སངས་ནི་བགྲང་ཕྲེང་བཟུང་། །སྤེན་པ་ལག་ན་རལ་གྲི་འཆང་། །སྒྲ་གཅན་བདུད་རྩིའི་གཞོང་བུའོ། །
287a3 ནང་གི་གྲཝ་ལི་ཆར་གཏོགས་པ། །བཀྲ་ཤིས་ལྷ་མོ་བརྒྱད་ཡིན་ཏེ། །རྟག་དགའ་མ་དང་རྒྱལ་མ་ཤར། །དོན་གྲུབ་མ་དང་མི་ཕམ་ལྷོར། །ནུབ་ཏུ་བདེ་བ་བདེ་དགའ་མ། །མྱུར་གྲུབ་མ་དང་གཏན་མ་བྱང་། །རྩེ་ལྔ་རྩེ་གསུམ
287a4 རྡོ་རྗེ་དང་། །སྔོན་པོ་སེར་པོ་རིན་ཆེན་དང་། །དཀར་དང་དམར་དང་ཨུ་པ་ལ་དང་། །ུ་པ་ལ་སྔོ་དང་ཀུ་མུ་ཏ། །དང་པོ་ཕྱག་ན་རིམ་བཞིན་འཆང་། །སྐྱབས་སྦྱིན་པད་མ་བགྲང་ཕྲེང་ནི། །ལྷག་མ་རྣམས་ཀྱིས་རིམ་བཞིན
287a5 འཆང་། །དེ་དག་ཐམས་ཅད་ཕྱོགས་མདོག་གོ། རྒྱས་པའི་སྤྲོས་པས་སྐྱོ་ན་ཡང་། །ལྔ་བཅུ་བརྒྱད་དམ་སུམ་བཅུ་བདུན། །ཉི་ཤུ་དགུ་འམ་ཉི་ཤུ་ལྔ། །བཅཝ་ལྔ་དགུ་འམ་ལྔ་འམ་གཅིག་།ཡི་གེ་ཕྱག་རྒྱ་གཟུག་བརྙན
287a6 ཚོགས། །སྤྲུལ་པ་སྐུ་ཡི་ཆོ་འཕྲུལ་ཏེ། །རང་གི་ཇི་ལྟར་འདོད་པ་ཡི། །སེམས་ཀྱི་བྱིན་བརླབ་ཉིད་དུ་འགྱུར། །བདེ་གཤེགས་སྐུ་དང་པོ་ཏི་དང་། །ཕྱག་རྒྱ་སོགས་པ་རབ་གནས་བྱ། །ཉམས་སམ་དྲི་མས་གོས་པ་ནི། །དཀྲུས
287a7 དང་བཤིག་ནས་དག་བྱེད་ལ། །རྟོག་པ་མེད་པའི་སེམས་ཀྱིས་སུ། །དེ་ལ་བསོད་ནམས་དཔག་ཏུ་མེད། །གཟུགས་སོགས་སྔོན་པས་དམན་གྱུར་ཀྱང་། །དེ་ཡིས་བསོད་ནམས་མཐའ་ཡས་འཐོབ། །ཕྲིན་ལས་དང་ནི་སྐུ
287a8 གསང་བ། །དེ་བཞིན་གཤེགས་པའི་མཚན་ཉིད་དེ། །དེ་བཞིན་ཉིད་དེ་སྟོང་པ་ཉིད། །བྱང་ཆུབ་ནམ་མཁའི་མཚན་ཉིད་དང་། །མཚན་དང་དཔེ་བྱད་ཀུན་རྫོབ་སྟེ། །སྒྱུ་མ་རྨི་ལམ་ལྟ་བུའོ། །སུམ་བཅུ་གཉིས་དང་བརྒྱད་བཅུ་ནི། །
iiif viewer powered by OpenSeadragon
286b - 287b