e-texts navigator
Collection
Volume
Page
Wylie

283b1 འཛིན་པ་དེ་ལས་ཐོས་ནས་ཀྱང་། །སྒྱུ་མའི་རྣམ་པ་རྗེས་དྲན་བྱ། །དེ་ལ་གོམ་ནས་ཏིང་འཛིན་ནི། །ཉམས་པ་མེད་པར་ཐོབ་པར་འགྱུར། །ཏིང་འཛིན་དེ་བརྟན་གྱུར་ནས་ནི། །ལུས་འདིས་རིག་པ་འཛིན་པ་འཐོབ། །རིག་འཛིན
283b2 དེ་ལ་གནས་ནས་ནི། །བླ་མེད་བྱང་ཆུབ་དེ་ཐོབ་འགྱུར། །སྐད་ཅིག་དེ་ལ་དངོས་རྣམས་ནི། །ནམ་མཁའ་ལྟ་བུར་དག་ནས་ཀྱང་། །མཁའ་ལྟར་ཀུན་ལ་ཁྱབ་པར་སྤྱོད། །རྟེན་ནི་སྤྱན་རས་གཟིགས་དབང་སྟེ། །ལུས་ནི་འཕགས
283b3 པ་འཇམ་དཔལོ། །ཡན་ལག་ཕྱག་ན་རྡོ་རྗེ་སྟེ། །མགོ་དང་བྲོད་ནི་མ་ཕམ་པ། །གཙུག་ཏོར་སྒྲིབ་པ་རྣམ་སེལ་ཉིད། །ཉི་ཟླ་ཀུན་ཏུ་བཟང་པོ་སྟེ། །ས་ཆུ་མེ་རླུང་ནམ་མཁའ་དང་། །རྣམ་ཤེས་ཉིད་དང་བཅས་པའོ། །ཐམས་ཅད་དབྱེར་མེད
283b4 འགྱུར་བ་སྟེ། །བསམ་གཏན་ལ་ནི་གནས་པའི་ཕྱིར། །སྩལ་རྣམས་སོ་སོར་བསྡུ་བར་བྱ། །སེམས་གློང་བས་ནི་ངེས་པར་འགྲུབ། །འདས་དང་མ་འོངས་ད་ལྟར་གྱི། །དུས་ནི་རྟག་པ་མ་ཡིན་ཏེ། །མི་རྟོག་སེམས་ཉིད་འབྲེལ་གྱུར་ནས། །དུས
283b5 ལ་ཐ་དད་མི་རྟོག་གོ། ཉི་མའི་འཁོར་ལོ་ཆུ་རྒྱུན་དང་། །ནམ་མཁའི་ཕྱོགས་ན་ཇི་ལྟ་བར། །སེམས་ཀྱང་སེམས་ཀྱིས་བཙལ་བར་བྱ། །གཞན་ནི་གོ་སྐབས་མི་བྱེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད
283b6 ཀྱི་རྒྱལ་པོ་པད་མ་དྲ་བ་ཞེས་བྱ་བ་ལས། ཐུན་མོང་གི་སྔགས་བྱུང་བའི་ལེའུ་སྟེ་བཞི་པའོཾ།། །། དེ་ནས་དྲང་སྲོང་གནས་ནས་ནི། །སྣ་ཚོགས་གཟུགས་ལྡན་ཞེས་བྱ་བ། །བསྐལ་པ་དུ་མར་སྦྱངས་པ་ཡི། །བྱང་ཆུབ་སེམས་དཔའ་རིག་འཛིན
283b7 ཞིག་། རྒྱ་ཆེར་རང་གི་འཁོར་བཅས་ལ། །དཀྱིལ་འཁོར་དྲུང་དུ་ལྷག་ནས་ནི། །རྨད་བྱུང་ཆེན་པོའི་ཚོགས་ཀྱིས་མཆོད། །ཕྱག་འཚལ་བསྐོར་བ་དུ་མ་བྱས། །ཐལ་སྦྱར་འཛུམ་པའི་མདངས་ཀྱིས་ནི། །སྟོན་པ་ལ་ནི་འདི་སྐད་གསོལ། །
283b8 ཨོཾ་མཐའ་ཡས་སྤྲོས་པ་ཉེར་ཞི་ཞིང་། །ཞི་མཛད་དུལ་ཞི་རབ་སྤྱོད་མཛད། །རྟོག་བཅོམ་རྟོག་མཁྱེན་རྟོག་ཡོངས་ཞུགས། །ཡེ་ཤེས་ཀུན་རྒྱལ་ཕྱག་འཚལ་ལོ། །ཞི་ལས་ཞི་གྱུར་མཐའ་འབྱུང་བ། །ཆོས་རྣམས་ཀུན་མཆོག་ཞི་ཆོས་ཆེ། །




iiif viewer powered by OpenSeadragon

283a - 284a

Texts on this page

J677 - 'phags pa spyan ras gzigs dbang phyug gi rtsa ba'i rgyud kyi rgyal po pad ma dra ba zhes bya ba