| | e-texts navigator
|
282b1 ངང་གིས་ས་གཞི་བགེགས་ཡོད་པ། །བསལ་ཕྱིར་སེང་ལྡེང་དཀར་པོ་ནི། །བྲག་ལ་སྐྱེས་ཤིང་གཞོན་པ་ལས། །སོར་དྲུག་ཚད་ལྡན་ཕུར་བུ་ནི། །བརྗིད་ལྡན་རྩེ་མོ་རྣོ་དབལ་ཅན། །མགོ་བོ་རྐེད་པ་རྒྱ་མདུད་ཚུལ། །སོར་ཚད
282b2 ཕྱེད་ཕྱེད་ལྡན་པ་ལ། །ཟུར་ནི་བཅུ་དྲུག་རྐེད་པ་ལ། །སོར་གཉིས་ཟུར་བརྒྱད་ལྡན་པའོ། །སོར་གསུམ་ཟུར་གསུམ་རྩེ་རྣོ་བ། །དཔལ་མཐོ་ཅུང་ཟད་པར་རེག་པ། །ངོས་དང་སྐབས་ནི་ཟབ་པ་སྟེ། །སྔགས་ཀྱི་བྱིན
282b3 བརླབས་ལྡན་པ་བརྒྱད། །ཁང་པའི་ཟུར་དང་ཕྱོགས་བཞི་པོར། །གཡས་སུ་ཕྱོགས་པར་གཟུགས་པར་བྱ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱུ་ཏ་རཱ་ཛཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏ་ཨར་ཧ་ཏེ
282b4 བྷྱཿ་ས་མྱཀ་ས~ཾ་བུད་དྷཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མཤྩཎ་ཊ་བཛྲ་ཀྲོ་དྷཱ་ཡ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བན་དྷ་བན་དྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ།
282b5 ཨ་མྲི་ཏེ་ཧཱུ~ཾ་ཕཊ། ལྟས་ངན་ཐམས་ཅད་འཇོམ་པ་དང་། །གནས་ཁང་བྱིན་གྱིས་བརླབ་པ་དང་། །ཚེ་དང་ལོང་སྤྱོད་རྟག་པ་དང་། །དལ་འབྱོར་ཕུན་སུམ་ཚོགས་པ་དང་། །དང་པོ་ཐལ་མོ་སྦྱར་བྱས་ཏེ། །ཕྱིས་ནི་ལག་གཡོན
282b6 སྡིགས་མཛུབ་བཅས། །ོཾ་དང་ཨ་ལ་ལ་ལ་ཧོ། །ཞེས་བརྗོད་རྔམ་ཅིང་ཁང་པ་ཡི། །ནང་དུ་འཇུག་པ་ཁྲོ་བོར་བཅས། །དེ་ནས་ཧཱུ~ཾ་སྒྲས་སེ་གོལ་གཏོགས། །དེ་ནས་ཨོཾ་ཨཱཿབཛྲ་དང་། །སྠ་ན་པཱ་ཎི་བྷྱཿ་ཧ~ཾ། །རཀྵ
282b7 རཀྵ་ཧཱུ~ཾ་ཕཊ་བརྗོད། །ཤིན་ཏུ་འཇམ་པའི་སྟན་ལ་ནི། །རྡོ་རྗེ་སྐྱིལ་དཀྲུང་གིས་གནས་ནས། །བསྲང་ཏེ་མིག་ནི་སྣ་རྩེར་ཕབ། །དལ་བའི་རླུང་ལྡན་རྐན་ལ་ནི། །ལྕེ་ནི་ཅུང་ཟད་རེག་པར་བྱ། །ལྟེ་བ་ཅུང་ཟད་འཁུམ་པ་ཡིས། །
282b8 སེམས་ནི་བག་ཡོད་གནས་པར་བྱ། །རྟག་པ་མ་ཡིན་མི་རྟག་མིན། །གཙང་མ་མ་ཡིན་མི་གཙང་མིན། །བདེ་བ་མ་ཡིན་སྡུག་བསྔལ་མིན། །བདག་དང་ངར་མིན་བདག་མེད་མིན། །བླང་དང་དོར་བའི་འཇིག་ཚོགས་མིན། །སེ~ཾས་མ
iiif viewer powered by OpenSeadragon
282a - 283a