e-texts navigator
Collection
Volume
Page
Wylie

282a1 འདོད་ལ་དམིགས་ནས་སྔགས་བརྗོད་དེ། །བཞི་ཁྲི་རྫོགས་ནས་བཅཝ་ལྔ་ལ། །འདོད་པ་གསོལ་གདབ་ཁྲུས་བྱས་ནས། །ཅི་འདོད་མྱུར་དུ་འགྲུབ་པ་དང་། །བདུད་དང་བར་དུ་གཅོད་པ་དང་། །རྣམ་པར་འཚེ་དང་མི་མཐུན་པ། །ཁྲུས་ཀྱིས
282a2 ངེས་པར་སེལ་བར་འགྱུར། །སྔགས་བརྗོད་ཡོན་ཏན་མཐའ་ཡས་རྣམས། །བསྡུས་ནས་སྒྲུབ་པོ་བློ་ལྡན་འགྱུར། །མགོན་པོ་སྤྱན་རས་གཟིགས་དབང་གི། སྔགས་གང་བརྗོད་པ་ཙམ་ལ་ཡང་། །གཤིས་ངན་ཤི་བ་བཅུ་ལྔ་མེད། །
282a3 སྐྱེ་བཟང་བཅཝ་ལྔ་ཐོབ་པར་འགྱུར། །མུ་གེ་རྒྱལ་པོའི་ཆད་པ་དང་། །དུག་དང་མཚོན་དང་གཡུལ་འགྱེད་དང་། །སྟག་སོགས་སྦྲུལ་སོགས་གཅན་ཟན་གདུག་།དུག་ཅན་ཟས་དང་མེ་ཆུས་འཆི། །སྲོག་ཆགས་མདུན་དུ་ཉལ་ཉེས་དང་། །
282a4 གཡེང་བྱེད་དང་ནི་ལྷ་འདྲེས་གཙེས། །གསོར་མི་རུང་དང་བདག་ལྕེབ་རྣམས། །དེ་ལ་ནམ་ཡང་མི་འཇིགས་སོ། །རྒྱལ་པོ་ཆོས་ལྡན་ཡུལ་སྐྱེ་ཞིང་། །འཕགས་པ་བཞུགས་དང་དུས་བཟང་ཡུལ། །བཤེས་གཉེན་བཟང་དང་དབང་པོ་ཚང་། །
282a5 དགེ་ལ་དགའ་ཞིང་ཚུལ་ཁྲིམས་ལྡན། །བྲན་ཁོལ་བཟང་ཞིང་ནོར་མང་རྟག་།གཞན་གྱིས་དབུལ་ཞིང་དགོས་འདོད་སྦྱོར། །སེམས་བདེར་འཇིག་རྟེན་སྐྱོང་བས་བསྲུང་། །སངས་རྒྱས་ཞལ་མཐོང་དོན་ཟབ་བརྟགས། །གཞན་ཡང་དམན
282a6 ལ་བྱམས་སེམས་བསྐྱེད། །སྙིང་རྗེ་མཆི་མ་འཁྲུག་པ་དང་། །ཡོན་ཏན་དྲན་ནས་སྤྲོ་བ་དང་། །དཀོན་མཆོག་གསུམ་ལ་དད་པ་དང་། །ཕུལ་དུ་བྱུང་བའི་བློ་ཡིས་འཕེལ། །ཚུལ་བཞིན་མ་ཡིན་ཡིད་བྲལ་དང་། །བཀའ་ལུང་སྡེ་སྣོད་དང་བ་རྣམས། །
282a7 ཡང་ནས་ཡང་དུ་སྐྱེ་བར་འགྱུར། །ཇི་ལྟར་སྤྲོས་པའི་གནས་མཐོང་ན། །སྔགས་འདིས་རང་བཞིན་མེད་པར་བྱས། །ོཾ་སྭ་བྷཱ་བ་ཤུད་དྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུད་དྷོ་དྷ་ཧ~ཾ། འཛིན་པ་དྲག་པོའི་བློ་བྱུང་ཚེ། །སྔགས་འདིས་སྟོང་པ་ཉིད་དུ་བྱ། །
282a8 ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧ~ཾ། གང་གིས་ལུས་ངག་ཡིད་གཡོ་ན། །སྔགས་འདིས་བརྟན་པར་བྱིན་གྱིས་བརླབས། །ོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཱཀ་ཙིཏྟ་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧ~ཾ། གང་ལ་གནོད་ཡོད་སེམས་ལྡན་དང་། །




iiif viewer powered by OpenSeadragon

281b - 282b

Texts on this page

J677 - 'phags pa spyan ras gzigs dbang phyug gi rtsa ba'i rgyud kyi rgyal po pad ma dra ba zhes bya ba