| | e-texts navigator
|
271a1 ཞིང་རྣམས་རྣམ་པར་གཡོས་པར་འགྱུར། །འགྲོ་བའི་ཤེས་བྱའི་སྒྲིབ་ནག་སེལ། །ཡེ་ཤེས་རལ་གྲིས་རྩ་བ་བྲེགས། །བདག་ཀྱང་སྙིང་པོ་དེ་ཡི་མཐུས། །ཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། །ོཾ་མ་ཎི་པདྨེ་ཧཱུ~ཾ། སྙིང་པོ་དེ
271a2 སྐད་ཕུལ་ནས་ཀྱང་། །ཐུབ་པའི་ག་ལ་དེ་ལོགས་སུ། །འཁོར་བཅས་དགའ་བའི་ཚུལ་གྱིས་ནི། །པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། །སྤྱན་རས་གཟིགས་དབང་ཚོགས་འདུས་ནས། །རིག་སྔགས་མཐུ་ཆེན་འཆད་པ་དང་། །
271a3 གཞན་དོན་རྫོགས་པར་མཛད་པ་དེའི། །ཤིན་དུ་དགའ་བར་མཛད་པ་ལ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀུན། །ཕྱག་རྒྱ་ནས་ནི་སྤྱི་བོར་བཞག་།འཛུམ་པའི་མདངས་ཀྱིས་ལེགས་སོ་བྱིན། །ནམ་མཁའ་སྙན་པ
271a4 ཡིས་ཀྱང་བཀང་། །དེ་ཚེ་ཕྱོགས་བཅུར་བཞུགས་པ་ཡི། །ཁྲོ་བོ་རྒྱལ་པོ་མ་ལུས་རྣམས། །ས་སྟེང་ཐམས་ཅད་གར་གྱིས་བཀང་། །གཡས་བརྐྱང་གཡོན་བརྐྱང་ཟླ་གམ་དང་། །ཟླུ~ཾ་པོ་གྲུ་བཞི་གྲུ་གསུམ་འགོས། །ཆོད་དང་གྲེད་ཆོངས
271a5 ཧྲིལ་པོ་དང་། །རྡོབས་དང་བཙིར་བའི་ཚུལ་གྱིས་སུ། །བགེགས་རྣམས་སྟབས་ཀྱིས་ཚར་གཅོད་མཛད། །ལག་པ་ཐལ་སྦྱར་ཕྱེ་བཙུམ་བསྐྱེད། །སོར་མོ་གཅིག་སྣོལ་གཅིག་འཁྱུད་དང་། །ཀུན་བསྣོལ་ཀུན་འཁྱུད་ཀུན་གདེངས
271a6 དང་། །རྒྱབ་བསྣོལ་རེས་འཁྱུད་ཀུན་འཁྱུད་དང་། །རེ་མོས་འཁྱུད་སྒྲིང་ཀུན་སྒེད་དང་། །མཉམ་བཞག་དང་ནི་མཆོག་གི་རྒྱ། །ས་གནོན་སྐྱབས་སྦྱིན་མཆོག་སྦྱིན་སོགས། །ཕྱག་རྒྱ་དུ་མ་བགེགས་སེལ་མཛད། །གཞན་ཡང
271a7 འཇིག་རྟེན་སྐྱོང་བའི་ཚོགས། །མ་ལུས་འཁོར་དང་བཅས་པ་རྣམས། །གདོངས་བཅུ་གཅིག་པ་ཞེས་བྱ་བའི། །སྔ་ན་མེད་པའི་རིག་སྔགས་རྨད། །ངོ་མཚར་འབྱུང་ཞེས་ཐོས་མ་ཐག་།ལུས་ཀྱང་ཤིན་དུ་འདར་གྱུར་ནས། །རྒྱལ་མཆོག
271a8 གཙོ་བོ་དྲུང་ལྷགས་ཏེ། །ཕྱག་འཚལ་ཐལ་མོ་སྦྱར་ནས་ནི། །སྤྱན་སྔར་འདུག་ཏེ་འདི་སྐད་གསོལ། །གང་ཞིག་གདོད་ནི་བཅུ་གཅིག་པའི། །རིག་སྔགས་ལན་ཅིང་འཛིན་པ་དང་། །རྒྱུན་དུ་འདོན་དང་ཡིད་ལ་བྱེད། །འཇིག་རྟེན
iiif viewer powered by OpenSeadragon
270b - 271b