e-texts navigator
Collection
Volume
Page
Wylie

268a1 དབང་གྲངས་མེད་གཙོ། །ཐམས་ཅད་འཁོར་དང་བཅས་པ་རྣམས། །མི་མཇེད་ཞིང་འདིར་ལྷག་པར་གྱུར། །འདི་ནས་ཤར་ཕྱོགས་ཞིང་ཁམས་ནི། །གྲངས་མེད་བདུན་གྱི་མཐའ་ཉིད་ནས། །ཞིང་ཁམས་སེང་གེ
268a2 སྤུངས་པར་ནི། །སངས་རྒྱས་སེང་གེ་རོལ་པ་ཡི། །དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། །སྤྱན་རས་གཟིགས་དབང་སེང་གེའི་སྒྲ། །མདོག་དཀར་ཤེལ་གྱི་རི་འདྲ་བ། །བྱང་ཆུབ་སེམས་མཆོག་བྱེ་བ་ཕྲག་།བཅུ
268a3 དང་ལྷན་ཅིག་མཁའ་ལ་གཤེགས། །ཀློག་འགྱུ་བཞིན་དུ་ཞིང་འདིར་བྱོན། །བཅོམ་ལྡན་མགོན་པོ་ཐུབ་པ་ལ། །ཕྱག་འཚལ་བསྐོར་བ་དུ་མ་བྱས། །འདབ་མ་སྟོང་དང་ལྡན་པ་ཡི། །དངུལ་གྱི་མེ་ཏོག་དུ་མས
268a4 གཏོར། །བདེ་བར་གཤེགས་སོ་རྫོགས་སངས་རྒྱས། །འོད་ཟེར་ངོ་མཚར་ལྡན་པ་དང་། །རྨད་བྱུང་ཆེན་པོ་ཚིགས་བཅད་ཀྱིས། །ཞིང་རྣམས་རྣམ་པར་གཡོས་པར་འགྱུར། །འགྲོ་བའི་གཏི་མུག་མུན་པ་བཅོམ། །
268a5 ཤེས་རབ་མཐའ་ཡས་གསལ་བར་མཛད། །བདག་ཀྱང་སྙིང་པོ་འདི་ཡི་མཐུས། །ཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ། །ོཾ་ཧྲཱི་སིཾ་ཧ་ནཱ་དྷ་ཧཱུ~ཾ་ཕཊ། །སྙིང་པོ་དེ་སྐད་ཕུལ་ནས་ཀྱང་། །ཐུབ་པ་ག་ལ་དེ་ལོགས་སུ། །འཁོར
268a6 བཅས་དགའ་བའི་ཚུལ་གྱིས་ནི། །པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས། །ལྷོ་ཡི་ཕྱོགས་ཀྱི་ཞིང་ཁམས་མཆོག་།གྲངས་མེད་བདུན་གྱི་མཐའ་ཉིད་ཀྱི། །ཞིང་ཁམས་རིན་ཆེན་བརྩེགས་པ་ན། །སངས་རྒྱས་རིན
268a7 ཆེན་དཔལ་བཞུགས་པའི། །དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ། །སྤྱན་རས་གཟིགས་དབང་ཡིད་བཞིན་གྱི། །ནོར་བུ་འཁོར་ལོས་བསྒྱུར་བ་བྱེད། །གསེར་གྱི་རི་བོ་མདོག་འདྲ་བ། །བྱང་ཆུབ་སེམས་ཚོགས་བྱེ་བ་ཕྲག་།
268a8 བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། །ཀློག་འགྱུ་བཞིན་དུ་ཞིང་འདིར་བྱོན། །བཅོམ་ལྡན་མགོན་པོ་ཐུབ་པ་ལ། །ཕྱག་འཚལ་བསྐོར་བ་དུ་མ་བྱས། །འདབ་མ་སྟོང་དང་ལྡན་པ་ཡི། །རིན་ཆེན་གསེར་གྱི་མེ་ཏོག་ནི། །




iiif viewer powered by OpenSeadragon

267b - 268b

Texts on this page

J677 - 'phags pa spyan ras gzigs dbang phyug gi rtsa ba'i rgyud kyi rgyal po pad ma dra ba zhes bya ba