| | e-texts navigator
|
243b1 བཅོམ་ལྡན་འདས་སྐྱབས་མཛད་དུ་གསོལ། བདེ་བར་གཤེགས་པ་སྐྱབས་མཛད་དུ་གསོལ། བདག་ནི་གནངས་སྲོག་འགུམ་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་བདག་གིས་ཡི་དགས་མོ་ཁ་འབར་མ་མཐོང་སྟེ། ཁྱོད་གནངས
243b2 འཆི་བར་འགྱུར་རོ་ཞེས་མཆི་ན། བདག་གིས་ཐབས་ཅི་མཆིས་ཤེས་སྨྲས་ན། དེའི་མཆིད་ནས་གལ་ཏེ་ཁྱོད་ཀྱིས་ཡི་དགས་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་ཕྲག་འབུ~ཾ་གྱི་བྱེ་མ་སྙེད་དག་ཚིམ་པར་བྱས་ཏེ། བྲམ་ཟེའི་དྲང་སྲོང་འབུ~ཾ
243b3 ཡང་ཚིམ་པར་བྱས་ན། དེ་ལྟ་ན་ཁྱོད་ཀྱི་ཚེ་ཕྱིར་ནུར་བར་འགྱུར་རོ་ཞེས་མཆི་ན། བཅོམ་ལྡན་འདས་དེ་ལ་ཇི་ལྟར་བསྒྲུབ་པར་བགྱི་བ་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཚེ་དང
243b4 ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་གང་གིས་ཁྱོད་ཡི་དགས་རྣམས་དང་། བྲམ་ཟེའི་དྲང་སྲོང་རྣམས་ཚིམ་པར་བྱེད་པར་འགྱུར་བའི་ཐབས་ཡོད་ཀྱིས་མ་འཇིགས་ཤིག་།ཀུན་དགའ་བོ་ཐ~ཾད་དུ
243b5 འོད་དང་ལྡན་པ་རྒྱལ་ཆེན་ཤུགས་ལྡན་འོད་ཅེས་བྱ་བའི་གཟུངས་ཡོད་དེ། དེས་བྱིན་པ་ཙམ་གྱིས་ཡི་དགས་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་དག་ཚིམ་པར་བྱས་པར་འགྱུར་ཏེ། ཡི་དགས་དང་། བྲ~ཾ་ཟེའི་དྲང་སྲོང
243b6 རེ་རེ་ལ་ཟས་དང་སྐོམ་ཡུལ་མ་ག་དྷའི་བྲེ་བོ་བདུན་བདུན་བྱིན་པར་འགྱུར་རོ། །དེ་ནི་ང་སྔོན་བྲམ་ཟེར་གྱུར་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་དབང་ཕྱུག་དང་། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་འོད
243b7 ལས་ངས་བཟུང་སྟེ། དེས་ཡི་དགས་དང་བྲམ་ཟེའི་དྲང་སྲོང་གྲངས་སུ་བགྲང་བ་མང་བ་དང་། ཆེས་མང་བ་དག་ངས་ཟས་དང་སྐོམ་གྱིས་ཚིམ་པར་བྱས་ཏེ། དེ་དག་ཐམས་ཅད་ཡི་དགས་ཀྱི་འཇིག་རྟེན་ནས། ཤི་འཕོས་ནས་ལྷའི་འཇིག་རྟེན་དུ
243b8 སྐྱེས་སོ། །ཀུན་དགའ་བོ་ཁྱོད་ཀྱིས་ཟུང་ལ་ངོ་ལོན་གྱིས་ཤིག་།ན་མཿསརྦ་ཏ་ཐཱ་ག་ཏཱ་ཨ་བ་ལོ་ཀི་ཏེ། ཨོཾ་ས~ཾ་བྷཱ་ར་ས~ཾ་བྷཱ་ར་ཧཱུ~ཾ། ཀུན་དགའ་བོ་འདིས་ཡི་དགས་ཀྱི་གཏོར་མ་ལ་ལན་བདུན་བཟླས་བརྗོད་བྱས་ནས་ལག་པ་བརྐྱང་ཏེ་སྒོ་དྲུང་དུ་སྦྱིན་པར་བྱའོ། །
iiif viewer powered by OpenSeadragon
243a - 244a