| | e-texts navigator
|
212b1 དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཀྱི་ཐུགས་ཀ་ནས་སྙིང་རྗེ་རྣམ་པར་རོལ་པ་ཞེས་བྱ་བའི་འོད་ཟེར་འབར་བ་ཕྱུང་ནས། གཟའ་རྣམས་ཀྱི་སྤྱི་བོར་ཞུགས་པར་གྱུར་ཏོ། །དེ་ནས་དེ་ཉིད་ཀྱི་སྐད་ཅིག
212b2 ཉིད་ལ་ཉི་མ་ལ་སོགས་པའི་གཟའ་རྣམས་ལངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅྡོ~ཾས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ཅག
212b3 རྣམས་ལ་སྨན་ཡོན་བཏགས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱིས་རྣམས་གྲངས་བསྟན་དུ་གསོལ། བཅྡོ~ཾས་གང་གིས་བདག་ཅག་རྣམས་འཚོགས་ནས་ཡོ་བྱད་དུ་གྱུར་པར་བྱེད་པའི་ཆོས
212b4 སྨྲ་བ་རྣམས་ལ་བསྲུང་བ་དང་། ཡོངསུ་བསྐྱབ་པ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་དང་རིམ་གྲོ་དང་ཆད་པ་བཟློག་པ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། དུག་བསད་པ་དང་།
212b5 མཚམས་བཅད་པ་དང་། ས་བཅིང་བར་འགྱུར་བ་རྣམས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ
212b6 ཐུབ་པས་གཟའ་རྣམས་ཀྱི་མཆོད་པ་དང་གསང་སྔགས་བཀའ་སྩལ་པ། ཇི་ལྟ་བའི་རིམ་པའི་ཁ་དོག་གི་དབྱེ་བས་ཕྱོགས་རྣམསུ་དྲིའི་དཀྱིལ་འཁོར་བྱས་ལ་པད་མ་སོར་བཅུ་གཉིས་ཀྱི་ཚད་དུ་བྱས
212b7 པའི་འདབ་མ་བྲིས་ཏེ། ལྟེ་བ་ཡང་སོར་བཅུ་གཉིས་པ་ལ་སྒོ་བཞིས་མཛེས་པ་རིམ་བཞིན་དུ་བྱས་པ་ལ་པད་མ་རྒྱས་པའི་སྟེང་དུ་ལྷ་ཉི་མ་བསམ་པར་བྱ་བ་ནི་ལུས་གཟི་བརྗིད་ཀྱི་ཕུང་པོ་ལི་ཁྲི་ཉེ་བར་འབར་བ་ལྟ་བུ་ཉི་མ
212b8 སྟོང་དང་མཚུངས་པའི་འོད་ཟེར་ཅན་ནོ། །ོཾ་མཻ་གྷོ་ལ་ག་ཡ་སྭཱ་ཧཱ། ཤར་དུ་ཟླ་བ་དཀར་པོ། ཨོཾ་ཤི་ཏ~ཾ་ཤ་བཻ་སྭཱ་ཧཱ། མེའི་མཚམསུ་མིག་དམར་པོ། ཨོཾ་རཀྟ་ཨཾ་ག་ཀུ་མ་ར་ཡ་སྭཱ་ཧཱ། གཤིན་རྗེའི་ཕྱོགསུ་རྒྱལ་རིགས
iiif viewer powered by OpenSeadragon
212a - 213a