e-texts navigator
Collection
Volume
Page
Wylie

198a1 ཤིང་། གོས་གཙང་མ་སྔོན་པོ་བགོས་ལ། སྤོས་དྲི་ཞིམ་པོ་བསྐུས་ནས། ཟས་དཀར་གསུམ་ཟོས་ལ། སྟན་སྔོན་པོའི་སྟེང་དུ་འདུག་ནས། ཁ་ཤར་ཕྱོགས་སུ་བལྟས་ཏེ། དེ་བཞིན་གཤེགས་པ་ཐ~ཾད་ལ་གསོལ
198a2 བ་བཏབ་ནས་སྤྲིན་ཆེན་པོའི་དཀྱིལ་འཁོར་གྱི་ལེའུ་འདི་ཉིན་མཚན་རྒྱུན་མི་ཆད་པར་བཀླག་པར་བྱའོ། །ཆུ་སྔོན་པོས་བཀང་བའི་བུམ་པ་གང་བ་བཞི་བཞག་པར་བྱའོ། །གཏོར་མ་དང་། བདུག་པ་དང་། མེ་ཏོག་ཅི་ནུས་ཀྱིས
198a3 སྦྱར་རོ། །དེ་ལ་ཆོས་སྨྲ་བས་ཕྱོགས་བཞིར་ལྕི་བའི་ཁུ་བས་བྲིས་བར་བྱ་སྟེ། ཤར་ཕྱོགསུ་ཁྲུ་གསུམ་ཙམ་དུ་ཀླུའི་རྒྱལ་པོ་མགོ་གསུམ་པ། ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་བའི་ལྕི་བས་བྲིས་བར་བྱའོ། །ལྷོ་ཕྱོགས
198a4 སུ་ཁྲུ་ལྔ་ཙམ་དུ་ཀླུའི་རྒྱལ་པོ་མགོ་ལྔ་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་བྲི་བར་བྱའོ། །ནུབ་ཕྱོགསུ་ཁྲུ་བདུན་ཙམ་དུ་ཀླུའི་རྒྱལ་པོ་མགོ་བདུན་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་བྲི་བར་བྱའོ། །བྱང
198a5 ཕྱོགསུ་ཁྲུ་དགུ་རྩམ་དུ་ཀླུའི་རྒྱལ་པོ་མགོ་དགུ་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་བྲི་བར་བྱའོ། །ཆོས་སྨྲ་བ་རང་གི་ལུས་བསྲུངས་ལ་བྱམས་པ་ལ་གནས་ཏེ། སེམས་ཅན་ཐ~ཾད་ལ་སྙིང་རྗེའི་སེམས་ཉེ་བར་བཞག
198a6 ནས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐ~ཾད་ལ་གསོལ་བ་བཏབ་ལ་ཀླུ་རྣམས་དང་། དགེ་བའི་རྩ་བ་བགོས་བྱ་སྟེ། འདི་ནི་ཆོ་གའོ། །གང་ཞིག་ཆར་མི་འབབ་པའི་ཚེ་སྤྲིན་ཆེན་པོའི་དཀྱིལ་འཁོར་གྱི་ལེའུ་འདི་ཀློག
198a7 ན། ཉིན་ཞག་ཅིག་གམ་གཉིས་ནས་ཉིན་ཞག་བདུན་ཚུན་ཆད་གདོན་མི་ཟ་བར་ཆར་འབབ་པར་འགྱུར་རོ། །རྒྱ་མཚོ་ནི་དུས་ལས་ཡོལ་ཡང་སྲིད་ཀྱི། ཐུབ་པ་ཆེན་པོའི་གསུང་རབ་ཆར་གྱི་ཆོ་ག་འདི་ནི་གཞན་དུ་མི་འགྱུརོ། །
198a8 དེ་ལྟ་མོད་ཀྱི་ཚུལ་ཁྲིམས་དང་། ཡོན་ཏན་ལ་གནས་ཏེ་འཆལ་པའི་ཚུལ་ཁྲིམས་དང་། ཤ་དང་ཉ་ཤ་ལ་སོགས་པ་ཡོངསུ་སྤང་བར་བྱའོ། །འོ་ཐུག་དང་། ཞོ་དང་། འོ་མ་དང་། འབྲས་ཆན་བུ་རཾ་ཅན་ལ་སོགས་པ་དང་། མངར་གསུམ




iiif viewer powered by OpenSeadragon

197b - 198b

Texts on this page

J652 - 'phags pa sprin chen po