e-texts navigator
Collection
Volume
Page
Wylie

155a1 གཡུལ་ལས་འདས། །ལྗང་མདོག་སྐྱབས་མཛད་སྙིང་རྗེ་ཆེ། །སྟོབས་ཀྱིས་གྲགས་པ་རྒྱ་ཆེ་བ། །བསམས་ན་ཤེས་པའི་སྤྱོད་ཡུལ་ཅན། །དཔའ་བོ་སེང་གེ་འཇིག་པར་བྱེད། །སྡང་བ་རྣམ་ཀྱི་སྙིང་འཇོམས་པ། །མངའ་བདག
155a2 གྲགས་པ་ཡུལ་དང་ལྡན། །དགའ་བ་བརྒྱ་ཆེན་རབ་འབྱུང་བ། །རིག་མཁྱེན་རིག་ཀྱིས་སྙིང་པོ་མཁྱེན། །རིག་ཀུན་དུ་ནི་མཆོད་པ་ལགས། །རྒྱལ་པོ་རིགས་མཆོག་སྐྱེས་པའི་རྟེན། །རྡོ་རྗེ་ཡི་ནི་དཀྱིལ་འཁོར་བརྒྱན། །
155a3 རྡོ་རྗེ་ས་འོག་རབ་གྲག་པ། །རིག་སྔགས་འཆང་བ་སྟོབ་པོ་ཆེ། །མངོན་པར་འཕགས་པ་ཁྱབ་པ་མཆོག་།མགྲིན་བཟངས་ནད་དང་བྲལ་བ་ལགས། །སྐྱོང་མཛད་སྟོན་པ་དག་པ་ཏེ། །སངས་རྒྱས་ལམ་ནི་རབ་སྟོན་པ། །གྲོལ
155a4 བ་སྨིན་མཛད་འདུད་པར་མཛད། །དཀྱིལ་འཁོར་མ་ལུས་རྣཾས་ཀྱི་བརྒྱན། །རབ་ཞུགས་དཀྱིལ་འཁོར་རྣཾ་ལ་མཁས། །རྡོ་རྗེའི་སློབ་དཔོན་ཡོན་རྟན་རྟེན། །གྲུབ་པ་སྦྱིན་པ་རྣཾ་དག་མཆོག་།ཚུལ་དང་ཚུལ་མིན་རྟོགས་པ་པོ། །དཀྱིལ་འཁོར་ཙ་སེར
155a5 མངའ་བ་སྟེ། །འོད་ཟེར་ལྗང་གུའི་འོད་དང་ལྡན། །སེར་ལ་ན་བཟའ་སེར་པོ་མནབས། །དཀྱིལ་འཁོར་མ་ལུས་ཀུན་གྱི་རྒྱན། །སྤྱན་ཙ་དམར་བ་ཟླ་བའི་དཔལ། །ནོར་བུ་སྣ་ཚོགས་འོད་འབྱུང་བ། །རྡོ་རྗེ་བརྒྱའི་སྟོབ་ཀྱི་སྤྲོ། །མཉཾ་ཉིད
155a6 མཉམ་པ་དྲྀ་མ་མེད། །སྐུ་ཡང་དག་ཅིང་ན་བཟའ་དག་།དག་པ་མཁྱེན་ཅིང་དག་པར་ལྡན། །དག་པའི་ཆོས་མངའ་སྣང་བ་ཏེ། །འབྱུང་ལྡན་སྲིད་པ་སེལ་མཛད་པ། །འཁོར་བ་ཟད་མཛད་ཤེས་རབ་ཅན། །ཚུལ་ཤེས་ཚུལ་ལ་སྤྱོད་ཡུལ་བ། །རྡོ་རྗེ་རྒྱ་མཚོའི
155a7 སྙིང་པོ་ལགས། །རྡོ་རྗེ་སེམས་དཔའ་དགེ་བ་ཆེ། །འབྱུང་ལྡན་རབ་འབྱཾས་ཤེས་རབ་ཅན། །མ་ལུས་གྲགས་པའི་འོད་བཟང་བ། །སའི་སྙིང་པོ་སྙིང་པོ་ཆེ། །རྡོ་རྗེའི་སྙིང་པོ་རྣམ་པར་འདྲེན། །དཔག་ཏུ་མེད་པ་དཔག་མེད་རྫོགས། །ཁྱད་པར
155a8 འཕགས་པའི་ཡུལ་ལ་གནས། །ཟབ་ཅིང་གསལ་བའི་གཙོ་བོ་ཏེ། །ཟླ་བའི་དཀྱིལ་འཁོར་འོད་ཟེར་བསིལ། །དགའ་དང་དང་བ་བསྐྱེད་པ་སྟེ། །ཡེ་ཤེས་རྒྱ་ཆེན་སྤྱོད་ཡུལ་བ། །རླུང་གིས་དྲག་ཤུལ་ལྟ་བུར་དྲག་།དྲག་པོ་ལགས




iiif viewer powered by OpenSeadragon

154b - 155b

Texts on this page

J645 - 'phags pa sa'i snying po'i mtshan brgya rtsa brgyad pa gzungs sngags dang bcas pa