| | e-texts navigator
|
154b1 མེད། །མགོན་པོ་སངས་རྒྱས་གཟུགས་མངའ་བ། །ཤེས་རབ་ཀྱི་ནི་མ་ལུས་གཟིགས། །འདོད་ཆགས་ལ་སོགས་སྐྱོན་བསལ་ཅིང་། །གར་ཐབས་ཆེན་པོ་སྟོན་པ་པོ། །སྟོན་པ་དཔག་བསམ་ཤིང་དང་འདྲ། །ནམ་མཁའི་དབང་ཕྱུག
154b2 གསུང་སྙན་པ། །ཉི་མ་ཆེན་པོ་ཉིད་ཡིན་ཏེ། །དབང་ཕྱུག་ཆེན་པོ་འབར་བས་བསྐོར། །ཡོན་ཏན་མཐའ་ཡས་ལོངས་སྤྱོད་པ། །སའི་དབང་ཕྱུག་སྤྱོད་ཡུལ་ཅན། །ཆོས་ཀྱི་ལོངས་སྤྱོད་ལོངས་སྤྱོད་ཆེ། །ཡོན་ཏན་རྒྱ་མཚོའི་གངས་ཆེན
154b3 མཚོ། །ཡོན་ཏན་སྣ་ཚོགས་ལོངས་སྤྱོད་པ། །དེ་བཞིན་གཤེགས་པའི་རིག་ཀྱི་མཆོག་།ཐབས་ཚུལ་ཟབ་ལ་མཁས་པ་སྟེ། །ཐེག་པ་ཆེན་པོ་འཇིགས་པ་མེད། །མཆོད་པ་ཆེན་པོ་སྒྲ་ཆེ་བ། །ཟླ་ལྟར་གྲགས་པའི་དཀྱིལ་འཁོར་ཅན། །
154b4 རྡོ་རྗེ་འཆང་ཆེན་མཚན་རྒྱ་པ། །རྡོ་རྗེ་དཀྱིལ་འཁོར་མེ་ཏོག་ཐོད། །བློ་གྲོས་ཆེན་པོ་ཕྱག་རིང་བ། །པད་མ་ཆེན་པོ་སྟོབས་པོ་ཆེ། །གསང་སྔགས་ཆེན་པོ་ཚོགས་ཆེན་པོ། །ས་བཞི་ཆེན་པོ་ལྷུན་པོ་ལགས། །ལགས་ན་རྡོ་རྗེ་ཡོན་ཏན་ངེས། །ནོར་བུའི་མེ
154b5 ཏོག་ཐོད་གྱིས་བརྒྱན། །མཉམ་ཉིད་འབྱམ་ལ་ལོངས་སྤྱོད་པ། །རྒྱ་ཆེན་ཞིང་གི་རྒྱ་མཚོ་ཅན། །རྡོ་རྗེའི་འོད་མངའ་རྡོ་རྗེ་ལྡན། །སའི་བདག་པོ་ལྷུན་པོ་བཞིན། །ས་ལ་ལོངས་སྐྱོད་ལོངས་སྤྱོད་བཟང་། །མཚོན་ཆ་གཡོ་བ་ཕུན་སུཾ་ཚོགས། །རབ་འབྱམས་སྣོད་ནི
154b6 རྣམ་པར་གྲགས། །སྨྲ་མཁས་རྡོ་རྗེ་རབ་འཇོམས་པ། །སྤྱན་རྩ་ཡིད་ཙམ་དམར་བ་སྟེ། །མེ་ཏོག་སྔོན་པོའི་ཐོད་ཀྱིས་ཅིངས། །སྤྲོ་བ་ཆེན་པོ་ཕྱག་རིང་བ། །བརྟན་པོ་བརྟན་ལ་བདེ་སྦྱིན་པ། །དེད་དཔོན་དཔལ་བཟང་ཆེན་པོ་སྟེ། །གང་ཅན་ལྷུན་པོ་ལྟ་བུ་ལགས། །
154b7 དབང་པོ་གཤིན་རྗེ་རྒྱལ་ཆེན་དང་། །བཙན་པོ་ཁྱབ་འཇུག་སྟོབས་དབང་ཕྱུག་།འཇིག་རྟེན་མཆོག་རིགས་སངས་རྒྱས་ཚངས། །དེ་བཞིན་ཉིད་ཚུལ་སྤྱོད་ཡུལ་ཅན། །རྀན་ཆེན་རྟོག་སྟེ་ཆེར་བཞད་པ། །དགྱེས་པ་ན་བཟའ་སྣ་ཚོགས་གསོལ། །གཟིགས
154b8 པ་རིང་པ་སྤྱན་ཡངས་པ། །ནཾ་མཁའ་བཞིན་དུ་ཐོག་པ་མེད། །ཐོགས་པ་མི་དཔོགས་རིན་ཆེན་གཙུག་།སྲིད་གསུམ་འདོད་པ་མེད་པའི་རྒྱུ། །དུལ་བ་ཉོན་མོངས་མ་དྲི་མ་བསལ། །དག་པ་གཙང་བ་གསོ་སྦྱོང་ཅན། །རྣཾ་པར་གནོན་པའི
iiif viewer powered by OpenSeadragon
154a - 155a