| | e-texts navigator
|
154a1 འཚལ་ལོ། །ོཾ་སུམ་བྷ་ནི་སུམ་བྷ། ཧ་ར་ཙ་ར། མ་ཧཱ་པཱ་ཤ་མ་རུ་ཏཱ། ཨ་མོ་གྷ་བཛྲ་སཏྭ་སྭཱ་ཧཱ། དེ་ནས་ཡོན་ཏན་སྦྱིན་པའི། །གཟུང་འདི་བཤད་མ་ཐག་ཏུ་ཡང་། །རྡོ་རྗེའི་དཀྱིལ་འཁོར་དམ་པ་ནི། །
154a2 ཏི་སེའི་གང་བཅས་གཡོས་པར་གྱུར། །སའི་སྙིང་པོ་ཚོགས་དབང་དབང་ལ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་སྨྲས། །བསྐལ་ལྡན་ཆེན་པོ་ལེགས་སོ་ལེགས། །ས་སྟེང་ཁྱོད་ཀྱིས་ཡངས་པར་བྱས། །ཁྱོད་ཀྱི་གཟུངས་ནི་རྣཾ་གྲགས་ཤིང་། །
154a3 ཡོན་ཏན་དཔག་མེད་ཚོགས་བསྐྱེད་པ། །སེམས་ཅན་ཀུན་གྱི་སྡུག་བསྔལ་དང་། །ཉེས་པ་ཟློག་བྱེད་ཐོས་པ་ནི། །འཁོར་བར་རབ་ཏུ་རྒྱུ་བ་ན། །ཉེས་པ་ཀུན་གྱིས་མི་གོས་ཏེ། །ཇི་ལྟར་འདམ་གྱི་པད་མ་དག་།
154a4 འདམ་གྱི་ཉེས་པས་མི་གོས་བཞིན། །ལུས་ཅན་དག་ལས་སུ་ཡང་རུང་། །ཁྱོད་ཀྱི་གསང་སྔགས་འཆང་བྱེད་པ། །དེ་དག་ལས་ནི་གཅིག་ཙམ་ཡང་། །བྱང་ཆུབ་ལས་ནི་ལྡོག་མི་འགྱུར། །མཁས་པ་གང་ཞིག་གཟུངས
154a5 སྔགས་མཆོག་། ཐོས་ནས་མོས་པར་བྱེད་པ་ནི། །ངེས་པར་ཡོན་ཏན་ཐམས་ཅད་ཀྱང་། །ཐོབ་པར་འགྱུར་ཏེ་ཐེ་ཚོམ་མེད། །དེ་ནས་ཐམས་ཅད་ལྡན་པའི་འཁོར། །ལངས་ཏེ་སའི་དབང་ཕྱུག་པོ། །སའི་སྙིང་པོ
154a6 ས་མཆོག་ལ། །མིང་བརྒྱ་རྩ་བརྒྱད་སྨྲས་པ་ནི། །སའི་སྙིང་པོ་གཙོ་བོ་ཆེ། །གློག་འགྱུ་ལྟ་བུའི་སྤྱན་མངའ་བ། །ཅོད་པན་ཅན་ཏེ་ས་བསྙེས་པ། །ཕུན་སུམ་ཚོགས་ལྡན་འབྱོར་པ་མཆོག་།རིག་ལྡན་རིག་མཛད
154a7 མཆོད་པའི་གནས། །གཙོ་བོ་དགེ་སྦྱོང་སྟོན་པ་པོ། །གཞི་བཅས་ལྡན་པའི་རླུང་གི་ཚུལ། །སྭཱ་ཧཱའི་བློ་ལྡན་སྙིང་རྗེའི་རབ། །ཐམས་ཅད་མཁྱེན་པའི་ཉི་མའི་མཆོག་།སྙིང་པོ་སྙིང་པོ་མཁྱེན་པར་གྲགས། །གསང
154a8 སྔགས་རོལ་ཅིང་རྒྱ་ཆེར་རོལ། །སའི་དབང་ཕྱུག་གར་ཐབས་ཅན། །སྒེག་པོ་ཞལ་བཟང་གར་མཁན་ལྡན། །འབྲས་བུ་མངོན་སུམ་སྟོན་པ་པོ། །རབ་འབྱོར་བློ་གྲོས་སྙིང་པོ་མཁྱེན། །སྙིང་པོ་བརྙེས་པ་འཇིག་པ
iiif viewer powered by OpenSeadragon
153b - 154b