| | e-texts navigator
|
287a1 སུ་རུ་སུ་རུ། ཕུ་རཱ་ཕུ་རཱ། པྲ་ཕུ་རཱ་པྲ་ཕུ་རཱ། སརྦ་བུད་དྷ་ཨ་དྷིཥྛི་ཏ་སྭཱ་ཧཱ། དྷརྨཱ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཨ་བྷ་བ་སྭཱ་ཧཱ། སརྦ་དྷརྨ་ཨ་བ་བོ་དྷ་ནི་སྭཱ་ཧཱ། གཟུངས་འདིའི་ཆོ་ག་ནི་འདི་ཡིན་ཏེ་ལན་ཅིག་བརྗོད་པས་ཀྱང་བསྐལ་པ་སྟོང་གི་བར་དུ་ལས་ཀྱི
287a2 སྒྲིབ་པ་བསགས་པ་ཐཾད་ཟད་པར་འགྱུར་རོ། །སངས་རྒྱས་སྟོང་གི་དགེ་བའི་རྩ་བ་བསག་པ་ཐོབ་པར་འགྱུར་རོ། །སྐལ་པ་སྟོང་གི་བར་དུ་འཁོར་བ་ལ་རྒྱབ་ཀྱི་ཕྱོགས་པར་འགྱུར་རོ། །ཚེ་རབ་བརྗེས་ནས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཐོབ་པར
287a3 འགྱུར་རོ། །འཆི་བའི་དུས་ཀྱི་ཚེ་སངས་རྒྱས་སྟོང་མཐོང་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དག་པ་དག་ཏུ་སྐྱེ་བར་འགྱུར་རོ། །ཉིན་མཚན་དུས་གསུམ་དུ་ཉི་ཤུ་རྩ་རེ་རེ་བརྗོད་ན་ཅི་འདོད་པ་རྨི་ལམ་དུ་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི
287a4 སྐུ་གསེར་གྱི་མདོག་ཅན་ཡང་མཐོང་བར་འགྱུརོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཡུལ་རྣམས་ལ་ཡང་མི་ཕྱེད་པའི་སེམས་དད་པ་ཅན་དུ་འགྱུར་ཏེ། དེ་ལ་སོགས་པ་ཕན་ཡོན་ཚད་མེད་པ་དག་འབྱུང་ངོ་། །སྟོང་འགྱུར
287a5 ཞེས་བྱ་བའི་བཟུངས། རྫོགས་སྷོ།། །། @། །རྒྱ་གར་སྐད་དུ། ཨཱརྱ་ཛྙཱ་ནོ་ལྐོ་ནཱ་མ་དྷཱ་ར་ཎཱི་སརྦ་ག་ཏེ་པ་རི་ཤོ་དྷ་ནི། བོད་སྐད་དུ། འཕགས་པ་ཡེ་ཤེས་ཏ་ལ་ལ་ཞེས་བྱ་བའི་གཟུངས་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོང་བ། ཐམས
287a6 ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་ཏ་ལ་ལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་གྱི
287a7 འོད་བརྩེགས་སྣང་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བདེན་གསུང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པའི་སྒྲ་སྒྲོགས་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ
287a8 ཀུན་ཏུ་བཟང་པོ་དང་། བྱང་ཆུབ་སེཾདའ་འཇམ་དཔལ་གཞོན་ནུ་གྱུར་པ་དང་། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་བཞི་པོ་དེ་དག
iiif viewer powered by OpenSeadragon
286b - 287b