e-texts navigator
Collection
Volume
Page
Wylie

281b1 ལུས་དྲི་མ་མེད་ཅིང་ཡོངསུ་དག་པར་འགྱུརོ། །སྐྱེས་པ་འམ། བུད་མེད་དམ། ཁྱེའུ་འམ། བུ་མོ་གང་དང་གཏམ་བྱས་པ་དེ་དག་ཐམས་ཅད་ཀྱང་སྡིག་པ་རྣམས་ལས་གྲོལ་བར་འགྱུརོ། །དུད་འགྲོའི་སྐྱེ་གནས་སུ་སོང
281b2 བ་ལ་སྨྲས་ན་ཡང་དུད་འགྲོའི་སྐྱེས་གནསུ་གཏོགས་པ་ཐཾད་ལས་ཡོངསུ་ཐར་འགྱུརོ། །བྱའི་ཚོགས་ཐཾད་ལ་སྨྲས་ན་ཡང་བྱའི་ཚོགས་ཐཾད་ཡོངསུ་གྲོལ་བར་འགྱུརོ། །ཐ་ན་ཁྱི་དང་། རུ་སྦལ་དང་། སྦྲུལ་དང་། བྱི་ལ་དང་།
281b3 སྲེ་མོ་དང་། སྲོག་ཆགས་སྣ་ཚོགས་ལ་སྨྲས་ན་ཡང་ཐམས་ཅད་ཡོངསུ་གྲོལ་བར་འགྱུརོ། །བྱེ་མ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་དུར་ཁྲོད་དུ་གཏོར་ན། གང་གི་རུས་པ་ལ་ཕོག་པ་དེ་དག་སེམས་ཅན་དམྱལ་བ
281b4 གང་དང་གང་དུ་སྐྱེས་པ་དེ་དང་དེ་ནས་ཡོངསུ་ཐར་ཏེ་མཐོ་རིསུ་སྐྱེ་བར་འགྱུར་རོ། །གང་དག་མཐོ་རིསུ་སྐྱེས་པ་དེ་དག་གི་ལུས་ལ་མེ་ཏོག་གི་ཆར་འབབ་པར་འགྱུརོ། །གཅན་ཟན་དང་། བྱ་སྣ་ཚོགས་གང་དག་དུར་ཁྲོད་དེར
281b5 འགྲོ་བ་དེ་དག་ཐམས་ཅད་ཀྱང་བདེ་འགྲོར་འགྲོ་བར་འགྱུརོ། །རིས་ལ་གཏོར་ན་རི་དགས་དང་། བྱ་རྒྱུ་བ་དེ་དག་ཐམས་ཅད་བདེ་འགྲོར་འགྲོ་བར་འགྱུརོ། །ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར
281b6 སྣང་བ་དུས་གསུམ་གྱི་དེ་བཞིན་གཤེགས་པའི་སྙིང་པོ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན། གལ་ཏེ་མཚམས་མེད་པ་ལྔ་བྱེད་པ་དག་མནར་མེད་པར་ལྷུང་ནས་གདུང་བས་བསྲེགས་པ་ལས་འཕྲལ་དུ
281b7 ཡོངས་སུ་ཐར་བར་འགྱུར་རོ། །ལན་འབུམ་བཟླས་བརྗོད་བྱས་ན། གལ་ཏེ་མགུལ་ནས་ཐག་པས་བཏགས་ཏེ་ཁྲིད་པ་ཡང་གཤིན་རྗེའི་གནས་ནས་འཕྲལ་དུ་ལྡོག་པར་འགྱུརོ། །དེའི་འཇིགས
281b8 པ་ཆེན་པོ་ལས་ཡོངསུ་གྲོལ་བར་འགྱུརོ། །སེམས་ཅན་དམྱལ་བ་ཐཾད་ཀྱང་རྣམ་པར་ཞི་ཞིང་རྣམ་པར་འཇིགས་པར་འགྱུར་ཏེ་ཐེ་ཚོམ་མེད་དོ། །ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཡང་བྲན་བཞིན་དུ་སེམས་ཤིང




iiif viewer powered by OpenSeadragon

281a - 282a

Texts on this page

J539 - kun nas sgor 'jug pa'i 'od zer gtsug tor dri ma med par snang ba de bzhin gshegs pa thams cad kyi snying po dang dam tshig la rnam par lta ba zhes bya ba'i gzungs